དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-14

    ན་སོ་དར་ལ་མ་བབས་པའི་མིར་ཁྱིམ་ཚང་སློབ་གསོ་ཡག་པོ་མ་བྱུང་བའི་གནད་དོན་ཐག་གཅོད་ནུས་ལྡན་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཁྲིམས་ཀྱིས་ཐིའུ་སྲུང་བའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལས་དོན་ས་ཚིགས”ལ་བརྟེན་ནས། 2025ལོའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་བྱེད་སྒོ་ཐོག་མ་དེ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་ལས་བྱས་ཤིང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེད་ལས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་དགེ་རྒན་བཏང་སྟེ། ཁྱིམ་ཚང་སློབ་གསོར་གནད་དོན་ཡོད་པའི་ཉེས་གསོག་དོགས་གཞིའི་ན་སོ་དར་ལ་མ་བབས་པའི་མིའི་ཁྱིམ་ཚང་ལ“གཅིག་གཏད་གཅིག”གི་གནད་སྨིན་རོགས་སྐྱོར་བྱས་ཡོད། ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་དགེ་རྒན་གྱིས་ཉེས་གསོག་དོགས་གཞིའི་ན་སོ་དར་ལ་མ་བབས་པའི་མིའི་ཁྱིམ་བདག་དང་སྤེལ་རེས་གཏིང་ཟབ་བྱས་པ་དང་། ཁྱིམ་ཚང་གི་གནས་ཚུལ་དང་། ཕ་མ་དང་བུ་ཕྲུག་དབར་གྱི་འབྲེལ་བ། སློབ་གསོ་རྒྱག་སྟངས་ནོར་འཁྲུལ་ཡོད་མེད་སོགས་ཐད་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ། སློབ་གསོའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ཚན་རིག་དང་མཐུན་ཞིང་གོ་ཆོད་པའི་སློབ་གསོའི་ལྟ་བ་དང་རྩལ་ནུས་ཀྱང་བསླབས་ནས། ན་སོ་དར་ལ་མ་བབས་པའི་མིར་དྲང་ཕྱོགས་ཀྱི་བསམ་བློ་གཏོང་བའི་གོམས་གཤིས་འཇགས་པར་བྱས་ཡོད། ཁྲིམས་ཁང་གི་ལས་དོན་པས་ད་དུང་ཞིབ་ཕྲའི་གྱོད་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱིམ་བདག་དང་ཉེས་གསོག་དོགས་གཞི་ཡོད་པའི་ན་སོ་དར་ལ་མ་བབས་པའི་མིར་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་བྱས་པ་དང་། ཁྱིམ་བདག་གིས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་བདེ་ཐང་འཚར་ལོངས་འགན་ལེན་བྱེད་པ་སོགས་ཐད་ཀྱི་འགན་འཁྲི་ལྕི་པོ་ནན་བཤད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།