དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས།

    འབྲས་གཅོང་འགོག་བཅོས་ཀྱི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-14

    མང་ཚོགས་ཀྱིས་འབྲས་གཅོང་འགོག་བཅོས་ཤེས་བྱ་ཤེས་ཚད་སྔར་བས་མཐོ་རུ་བཏང་ནས་འབྲས་གཅོང་མ་མཆེད་སྔོན་འགོག་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོང་ཁྱེར་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་སྒྲིག་འཛུགས་བྱས་ནས་འབྲས་གཅོང་འགོག་བཅོས་ཀྱི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཚན་པ་ཁག་གིས་སྨན་ཁང་དང་། སློབ་གྲྭ། སྡེ་ཁུལ། ཁེ་ལས། ཁྱིམ་ཚང་སོགས་ལ་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་བྱེད་ཐབས་བརྒྱུད་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཀྱི་འབྲས་གཅོང་འགོག་བཅོས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱིས“དང་བླངས་པ་ཁྲི་ཕྲག་མང་པོའི”འབྲས་གཅོང་འགོག་བཅོས་བྱ་སྤྱོད་སྐུལ་སྤེལ་ཧུར་ཐག་བཏང་ནས། དང་བླངས་པ་33བསྡུས་པ་དང་འབྲེལ་ཆེད་དོན་གསོ་སྦྱོང་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།