རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེན་པོ་སྐབས་གཉིས་པའི་མཐའ་བསྡུར་མཇུག་འགྲིལ་བ།
བོད་ལྗོངས་མི་རིགས་སློབ་ཆེན་ལ་རྒྱལ་ཁབ་ཀྱི་བྱ་དགའ་ཁག་བཞི་ཐོབ་པ།
ཉེ་ཆར། སློབ་གསོ་པུའུ་དང་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེན་པོ་སྐབས་གཉིས་པའི་མཐའ་བསྡུར་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་འགྲིལ་བ་རེད། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་འགྲན་ཞུགས་པར་ཟངས་ཀྱི་བྱ་དགའ་གསུམ་ཐོབ་ཡོད། དེ་དང་ཆབས་ཅིག་བོད་ལྗོངས་མི་རིགས་སློབ་ཆེན་ལ་མཐོ་སློབ་ཀྱི་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་པ་དེའང་རང་ལྗོངས་ཀྱི་མཐོ་སློབ་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་ཐེངས་དང་པོ་རེད།
ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོས“ལང་ཚོ་དར་དུས་ཕུགས་འདུན་མངོན་འགྱུར་བྱེད། ལས་རིགས་འཆར་འགོད་འབྱུང་འགྱུར་སྣེ་ཁྲིད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། འཚར་ལོངས་ཀྱི་འགྲན་ལམ་དང་ལས་ཞུགས་འགྲན་ལམ་གཉིས་སུ་དབྱེ་བ་དང་། འགྲན་ལམ་ཚང་མར་མཐོ་རིམ་སློབ་གསོའི་ཚོགས་ཆུང་དང་ལས་རིགས་སློབ་གསོའི་ཚོགས་ཆུང་བཙུགས་ཡོད་ཅིང་། དེའི་དམིགས་ཡུལ་ནི་མཐོ་སློབ་སློབ་མའི་ལས་རིགས་འཆར་འགོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་ཕྱོགས་ཡོངས་ནས་རོགས་རམ་བྱ་ཆེད་རེད། འགྲན་བསྡུར་ཆེན་པོར་མིང་ཐོ་འགོད་མཁན་སློབ་མ་ཁྲི་1507ཡོད་པ་དང་སློབ་མ་750ལྷག་ཙམ་རྒྱལ་ཡོངས་ཀྱི་མཐའ་བསྡུར་ལ་ཚུད་ཡོད་པ་རེད།