དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས།

    སློབ་གྲྭ་དང་མཉམ་དུ་ཁྲིམས་སྐྱོང་སྲུང་བཅད་བསྐྲུན། སློབ་མ་བདེ་ཐང་འཚར་ལོངས་ཡོང་བར་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་འཇགས་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་སློབ་ཆུང་ཡན་ལག་སློབ་གྲྭའི་སློབ་ཆུང་བརྒྱད་པ་དང་མཉམ་འབྲེལ་ཐོག་ཁྲིམས་སྐྱོང་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་པོ་ཞིག་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། སློབ་མ་རྣམས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་ལག་ལེན་སློབ་གསོའི་རྟེན་གཞིར་བསྐྱོད་ནས་ཞིབ་དཔྱོད་དཔོན་གྱི་ཁྲིད་སྟོན་འོག་འགྲེམས་ཁང་དུ་ལྟ་སྐོར་བྱས་ཤིང་། བདེ་འཇགས་ཤེས་བྱའི་འགྲེམས་པང་གི་མདུན་དུ་ལོ་རིམ་ལྔ་པའི་སློབ་མ་སྒྲོལ་མས་དུས་ཡོལ་ཟས་རིགས་ཀྱི་འདྲ་དཔེར་མཛུབ་མོ་བཙུགས་ཏེ“ཟས་རིགས་རུལ་མར་དུག་རྒྱུ་མང་པོ་འདི་འདྲ་འདུག”ཅེས་ཧང་སངས་ནས་བཤད། ཁོ་མོའི་སློབ་གྲོགས་ཚེ་རིང་ལ་མགོ་སྐོར་འོག་མི་ཚུད་པ་བྱེད་པའི་འགྲེམས་ཁུལ་གྱི་ནང་དོན་ལ་བག་ཆགས་ཟབ་མོ་བྱུང་ཞིང་། “ངས་སེམས་ནང་ཡག་པོ་བཞག་ཡོད། ཆ་རྒྱུས་མེད་པའི་མིས་སྐད་ཆ་ཤོད་དུས་ལམ་སེང་དགེ་རྒན་དང་ཁྱིམ་བདག་ལ་བརྗོད་དགོས”ཞེས་བཤད།

    འདྲ་བཟོས་ཁྲིམས་རའི་ཁུལ་དུ་ཞིབ་དཔྱོད་དཔོན་གྱིས་སློབ་མ་རྣམས་ལ་ཁྲིམས་སའི་འདྲི་ཞིབ་བརྒྱུད་རིམ་དངོས་སུ་ལད་ཟློས་ཉམས་ལེན་བྱེད་དུ་བཅུག་ཡོད། “ད་ལྟ་ཁྲིམས་ར་འཚོག་རྒྱུ་ཡིན”ཞེས“འདྲི་གཅོད་དཔོན”ཆུང་ཆུང་ལྷ་མོའི་སྐད་གྲགས་པ་དང་བསྟུན་ནས་འདྲ་བཟོས་ཁྲིམས་ར་དངོས་སུ་འཚོགས་པ་རེད། ལོ་12ལ་སླེབས་པའི་ལྷ་མོ་དང“གཞུང་གཏུག་པ”དང“དག་འབུད་པ”འཁྲབ་མཁན་སློབ་གྲོགས་ཚོས“ན་སོ་དར་ལ་མ་བབས་པའི་མིའི་དྲ་ཐོག་གནང་སྦྱིན་གྱི་རྩོད་གཞི”ལ་དམིགས་ནས་རྩོད་གླེང་བྱས་པ་རེད། ཁྲིམས་སའི་འདྲི་ཞིབ་མཇུག་བསྒྲིལ་རྗེས་ལྷ་མོས་དགའ་སྤྲོའི་ངང“ཁྲིམས་དཔོན་གྱིས་ཕྱོགས་གཉིས་ཀྱི་དཔང་རྟགས་ལ་ཉན་དགོས་པ་ལས་གང་འདོད་དུ་སྡོམ་ཚིག་རྒྱག་ཆོག་གི་མི་འདུག སླད་ཕྱིན་ང་རང་ཁྲིམས་དཔོན་ངོ་མ་ཞིག་བྱས་ནས་བདེན་པའི་མཐའ་གསལ་འདོད་འདུག”ཅེས་བཤད། ན་སོ་དར་ལ་མ་བབས་པའི་མིའི་ཉེས་དོན་ཞིབ་དཔྱོད་པུའུ་ཡི་ལས་དོན་པས་འདྲ་བཟོས་ཁྲིམས་རར་མཛུབ་སྟོན་བྱས་པ་མ་ཟད། “བྱིས་པ་རྣམས་དངོས་འབྲེལ་ཁྲིམས་རར་ཞུགས་པ་ལྟ་བུའི་ཚོར་སྣང་སྦྱིན་ནས་ཁྲིམས་དབྱུག་རྡུང་དུ་འཇུག་དོན་ནི་ཁོང་ཚོར་བཅའ་ཁྲིམས་ཀྱི་དྲོ་སྐྱིད་དང་སྟོབས་ཤུགས་ཚོར་དུ་འཇུག་ཆེད་ཡིན། ཉམས་ལེན་བྱེད་སྟངས་འདི་འདྲར་བརྟེན་ནས་ཁ་ཏ་བསླབ་བྱ་བྱས་ན། ཁྲིམས་སྐྱོང་གི་དད་སེམས་སྔར་བས་བརྟན་པོ་འཛུགས་ཐུབ”ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།