དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོའི(སྡེ་ཁུལ)བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-24

    ཟླ་4ཚེས་21ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི་2025ལོའི་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོ(སྡེ་ཁུལ)ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་དང་། རྫོང(ཆུས)11ནས་ཡོང་བའི་གྲོང་ཚོ(སྡེ་ཁུལ)ཡི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་100ལྷག་ཙམ་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་5བྱ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཆེད་དོན་སློབ་ཁྲིད་དང་། ཡུལ་དངོས་ཀྱི་སློབ་ཁྲིད། གསར་བརྗེའི་རྟེན་གཞིར་ལྟ་སྐོར་སོགས་ཀྱི་ཐབས་ལམ་བརྒྱུད་དེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་། དམངས་ལ་ཞབས་འདེགས་ཞུ་བ། བརྟན་ལྷིང་སྲུང་སྐྱོང་། འཆམ་མཐུན་སྐུལ་འདེད་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཇོན་ཐང་སྔར་བས་གང་ལེགས་འདོན་རྒྱུ་དང་ཆབས་ཅིག་ཏུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་དང་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་དོན་ཐོག་ཏུ་འཁྱོལ་བར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།