དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་AIརིག་ལྡན་རྒྱང་བསྟེན་ནད་དཔྱད་ལས་སྟེགས་ཚོད་ལྟ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-24

    ཉེ་ཆར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་AIརིག་ལྡན་རྒྱང་བསྟེན་ནད་དཔྱད་ལས་སྟེགས་དངོས་སུ་ཚོད་ལྟ་བྱེད་འགོ་ཚུགས་པ་ལས་མངའ་རིས་ས་ཁུལ་གྱི་རྒྱང་བསྟེན་སྨན་བཅོས་ཁྱབ་ཁོངས་སུ་ངོ་བོའི་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་སྨན་བཅོས་བོད་སྐྱོར་བྱེད་སྟངས་རྣམ་པ་གསར་པའི་ཕྱོགས་སུ་བསྐྱོད་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚུའེ་ཡ་ལི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་མངའ་རིས་ས་ཁུལ་སྨན་རྩིས་ཁང་གི་ཡོན་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་མཉམ་དུ“གྲངས་འཛིན་སྨན་བཅོས་ལ་བརྟེན་ནས་ས་མཐོའི་བདེ་ཐང་ལ་མཐུན་རྐྱེན་སྐྲུན་པ་དང་། མངའ་རིས་ས་ཁུལ་གྱི་AIསྨན་བཅོས་བོད་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པའི”གྲོས་གཞི་བཏོན་གནང་བ་དང་། ནུས་ཆེའི་རྒྱང་བསྟེན་རིག་ལྡན་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས“AIདང་སྨན་བཅོས་བོད་སྐྱོར་ཟུང་དུ་འབྲེལ་བའི”རྣམ་པ་གསར་པ་བཏོད་དེ་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”བོད་སྐྱོར་བྱེད་སྟངས་དེ“རང་བརྟེན་རྣམ་པའི”རོགས་སྐྱོར་ལ་འགྱུར་བར་བྱས་ཏེ། རིགས་གཅིག་མཁས་ཅན་གྱི་རྒྱང་བསྟེན་ལག་རྩལ་མཛུབ་སྟོན་བརྒྱུད་ས་གནས་དེ་གའི་སྨན་དོན་པར་འཕྲལ་བཅོས་ནད་གཞི་ཚབས་ཆེན་དང་ཕྱི་ནད་ཚན་ཁག་གི་གཤགས་བཅོས་སོགས་ཁྱབ་ཁོངས་མང་པོར་རྒྱབ་སྐྱོར་བྱེད་པའི་གྲོས་འགོ་བཏོན་གནང་ཡོད། གྲོས་གཞི་དེ་ཐོ་འགོད་བདེ་བླག་བྱུང་ཡོད།

    གྲོས་གཞི་དེའི་སྐུལ་འདེད་འོག་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོ་དང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་། མངའ་རིས་ས་ཁུལ་སྨན་རྩིས་ཁང་བཅས་ཀྱིས་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་དང་སྔོན་ཐོན་གྱི་དྲ་རྒྱའི་ལས་སྟེགས་འབྲེལ་མཐུད་ཧུར་ཐག་བྱས་ཡོད། ཕྱོགས་མང་པོས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་AIརིག་ལྡན་རྒྱང་བསྟེན་ནད་དཔྱད་ལས་སྟེགས་བདེ་བླག་ངང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་བཙུགས་ཐུབ་པ་མ་ཟད། ཚོད་ལྟའི་ལས་དོན་ལེགས་གྲུབ་ཀྱང་བྱུང་ཡོད། ཉེ་ཆར། ལས་སྟེགས་དེར་བརྟེན་ནས་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཞོར་གཏོགས་སྨན་ཁང་དང་པོའི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ཁོག་ནད་སྨན་པས་རྙོག་འཛིང་ཆེ་བའི་ཏོག་དབྱིབས་འཕར་རྩའི་གྲིབ་བརྙན་གཤགས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།