དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཡར་ཀླུང་གཙང་འགྲམ་སྔོ་ཐིང་ཐིང་། དཔེ་ཀློག་སྒྲ་དབྱངས་སྙན་ལྷང་ལྷང་།

    —— 2025ལོའི“རིག་དཔལ་དར་བའི་བོད་ལྗོངས”དམངས་ཡོངས་དཔེ་ཀློག་དང་ལྷོ་ཁ་གྲོང་ཁྱེར་གྱི“དུས་རབས་གསར་པར་དཔེ་ཀློག་ལ་རོལ། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-23

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི་སློབ་མས《རྒྱལ་སྟོབས་འཕེལ་བར་ང་ཡིས་འབད》ཅེས་པ་གྱེར་འདོན་བྱེད་བཞིན་པ།

    “འཛམ་གླིང་དཔེ་ཀློག་ཉིན་མོ”ཐེངས་30འཆར་ཉེའི་མཚམས་ཀྱི་ཟླ་4ཚེས་21ཉིན་གྱི་སྔ་དྲོར། 2025ལོའི“རིག་དཔལ་དར་བའི་བོད་ལྗོངས”དམངས་ཡོངས་དཔེ་ཀློག་དང་ལྷོ་ཁ་གྲོང་ཁྱེར་གྱི“དུས་རབས་གསར་པར་དཔེ་ཀློག་ལ་རོལ། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད”ཅེས་པའི་བྱེད་སྒོ་སྤེལ་ཞིང་། གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་ཕྱོགས་ཁག་གི་འཐུས་མི་དང་དཔེ་ཀློག་གྲོཌ་པོ་རྣམས་ཡར་ཀླུང་མི་དམངས་སྤྱི་གླིང་དུ་འཛོམས་ཏེ། རིག་གནས་ཀྱི་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་དེ་ནས་དམངས་ཡོངས་དཔེ་ཀློག་ལ་རོལ་བའི་ཚ་རླབས་ཤིག་འཕྱུར་བར་བྱས།

    བྱེད་སྒོ་དེ《དགའ་སྤྲོ་འཁོལ་བའི་ཡར་ཀླུང》ཞེས་པའི་སྤྲོ་སྣང་ལྡན་པའི་ཞབས་བྲོའི་ཁྲོད་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་རིང་། གཞས་པ་ནོར་བུ་བསམ་གྲུབ་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་དམངས་ཡོངས་དཔེ་ཀློག་གི་བརྗོད་དོན་གཙོ་བོའི་གཞས《བོད་མིའི་འབྱུང་ཁུངས་ནས་དཔེ་དེབ་ཀྱི་དྲི་བསུང་འཐུལ》ཞེས་པ་བཏང་ནས། ལྟད་མོ་བ་ཚོས་ལྷོ་ཁའི་བུ་ཕྲུག་གིས་དཔེ་ཀློག་བྱས་ནས་ཕུགས་འདུན་དོན་དུ་གཉེར་བ་དང་འབད་འབུངས་མདུན་སྐྱོད་བྱེད་པའི་བསམ་པའི་ཉམས་འགྱུར་ཚོར་བར་བྱས་པ་དང་། དེ་རྗེས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འཇིགས་སྐུལ་ངོ་རྒོལ་ཆེད་འགན་མྱུལ་ཞིབ་རུ་ཁག་གིས《དགའ་འབོད་ཀྱི་མི་ཚོགས་ཁྲོད》ཞེས་པ་གྱེར་འདོན་གྱིས་བརྩེ་བ་ཆེན་པོས་སེམས་ཤུགས་དང་ལྷག་བསམ་མཚོན་པར་བྱས་པས། ས་གནས་ས་ཐོག་ཏུ་མཐོ་རླབས་ཤིག་སྔར་བས་འཕྱུར་ཡོད།

    འགོ་ཚུགས་མཛད་སྒོའི་ཐོག 2025ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཆེས་མཛེས་ཤོས་ཀྱི་ཞིང(འབྲོག)པའི་དཔེ་ཁང”གི་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་ཧུང་ཤིན་སྡེ་ཁུལ་གྱི་དཔེ་ཁང་དང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གཞུ་སྨད་ཤང་ཉི་ཞོལ་གྲོང་ཚོའི་ཞིང་པའི་དཔེ་ཁང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་མོ་ཤང་ཧོར་ཐག་གྲོང་ཚོའི་ཞིང་པའི་དཔེ་ཁང་སོགས་དཔེ་ཁང་10ལ་མཚན་སྙན་ཐོབ་ཡོད།

    “ཆེས་མཛེས་ཤོས་ཀྱི་ཞིང(འབྲོག)པའི་དཔེ་ཁང”གི་བྱ་དགའ་འཐོབ་མཁན་གྱི་འཐུས་མི། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་ཤེལ་དཀར་མོན་པ་གྲོང་ཚོའི་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཏུང་ཧུང་ཧྲོ་ཡིས“ཉེ་བའི་ལོའི་ནང་། ང་ཚོས‘ཚོགས་རིགས་དབྱེ་བ་དང་ལྗོངས་རྣམ་གཏོད་པ་ཟུང་དུ་འབྲེལ་བའི’ཞབས་འདེགས་ཞུ་སྟངས་སྤྱད་དེ། གཞི་རིམ་གྱི་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་དམངས་ཕན་གྱི་སྲིད་ཇུས་སྐོར་གསལ་་འགྲེལ་བརྒྱབ་པ་དང་། ཟླ་བ་རེར‘བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་དཔེ་ཀློག་མཉམ་སྤྱོད་འདུ་ཚོགས’གཉེར་བ་མ་ཟད། མོན་པ་རིགས་ཀྱི་རྒན་འཁོགས་གདན་དྲངས་ནས་ངག་ཐོག་ནས་ལོ་རྒྱུས་བརྗོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ངོ་སྤྲོད་བྱས་ཡོད། ད་ཆ་དཔེ་དེབ་ཞིང་ནང་དང་མུ་ཁ་ནས་ཀྱང་གཡར་ཐུབ་སྟབས་དཔེ་དེབ་གཡར་བདེ་རུ་གྱུར་ཡོད”ཅེས་བཤད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་2025ལོའི་བོད་ལྗོངས་ཀྱི“རིག་དཔལ་དར་བའི་ཚན་པ”དཔྱད་འདེམས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། རིམ་པ་བཞིན་དཔྱད་འདེམས་བྱས་མཐར་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭ་དང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གནས་རྙིང་ཤང་། ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་སོགས་ཚན་པ་12གཟེངས་སུ་ཐོན་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་2025ལོའི་བོད་ལྗོངས་ཀྱི“རིག་དཔལ་དར་བའི་ཚན་པའི”བྱ་དགའ་འཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།

    《རླུང་བུས་གཡོ་བའི་དབུས་གཙང》དང《ཚེ་ལུག》གི་རྩོམ་པ་པོ་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཚེ་རིང་ནོར་བུས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་ཞིང་། ཁོང་གིས“ང་ཚོ་ནི་བསམ་པའི་དར་ཆ་སྒྲེང་མཁན་དང་། བསམ་པའི་ཀ་བ་འཛུགས་མཁན། བསམ་པའི་ཁྱིམ་གཞིས་སྐྲུན་མཁན་བཅས་ཀྱི་ལས་དོན་པ་ཞིག་ཡིན་པས། ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས་མི་དམངས་ལ་བསྟོད་གླུ་འབུལ་བ་དང་དུས་རབས་ཀྱི་འཕོ་འགྱུར་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་དགོས་པ་དང་། ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས་མི་སེམས་གསོ་བ་དང་མི་དམངས་ལ་ལྕག་སྐུལ་གཏོང་དགོས”ཞེས་བཤད་པ་རེད།

    འགོ་ཚུགས་མཛད་སྒོར་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་འཆར་འགོད་དོ་དམ་གཞུང་ལས་ཁང་དང་། ཐའོ་ཧྥེན་ཐེབས་རྩ་ལྷན་ཚོགས། ཧྲང་ཧའེ་དབྱིང་ཅའོ་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སི། དུས་རབས་ཉེར་གཅིག་པའི་དཔེ་སྐྲུན་ཁང་ཚོགས་པ་སོགས་ཀྱིས་མཉམ་དུ་རང་ལྗོངས་ལ་སྒོར་ཁྲི་250ལྷག་ཙམ་རི་བའི་ཕུལ་བྱུང་དཔེ་དེབ་ཞལ་འདེབས་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།