ལྗོངས་ཡོངས་ཀྱིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་རྒྱུ་ཡིན་པ།
ཉིན་ཤས་གོང་། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་ཤིང་། འདི་ལོ། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་ཁག་གིས་སྨན་བཅོས་འགན་བཅོལ་ཐེབས་རྩའི་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་ཏེ་འགན་བཅོལ་གཡོ་ལེན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་ནས། རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི“སྨན་རིན”དང“སྲོག་སྐྱོབ་དངུལ”སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་གཅིག་སྡུད་དྲིལ་བསྒྲགས་ནི“སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་ཚང་མར་བརྟེན་དགོས་པའི”བརྗོད་དོན་གཙོ་བོར་དམིཌ་པ་དང་སྨན་རྫས་ཁུངས་འདེད་ཨང་རྟགས“ལྟ་འདོམས”དང་། སྨན་བཅོས་སྒྲིག་གཞིའི“རང་ངོས་དོ་དམ” གཏོང་སྤྲོད་ཐོབ་ཐང་གི“ལྟ་འདོམས་མི་ཐོག་ཏུ་འཁྱོལ་བ”བཅས་ཕྱོགས་གསུམ་ལ་དམིཌ་ནས། ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་རྒྱུན་གཏན་གྱི་ཞིབ་བཤེར་དང་། ཕྱོགས་ཡོངས་ལ་ཁྱབ་པའི་ཞིབ་བཤེར། འཕྲལ་མྱུར་ཞིབ་བཤེར་བཅས་སྒྲིག་འཛུགས་ཀྱིས་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞིའི་རང་བཤེར་རང་བཅོས་ལ་དམ་འཛིན་ནན་པོ་བྱས་ཏེ། མགོ་སྐོར་ལ་ངོ་རྒོལ་གྱི་གྲངས་གཞི་ཆེན་པོའི་ཉེར་སྤྱོད་ལྟ་འདོམས་གང་ལེགས་སྤྱད་དེ་འགན་བཅོལ་གཡོ་བསླུའི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པར་མཉམ་དུ་རྡུང་རྡེག་གཏོང་བ་དང་འགན་བཅོལ་གཡོ་བསླུའི་བྱ་སྤྱོད་ལ་རྡུང་རྡེག་གནད་སྨིན་གཏོང་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ལྗོངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཁྱོན་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞི་2483ལ་ཞིབ་བཤེར་བྱས་པ་དང་། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྒྲིག་ཁྲིམས་ལས་འགལ་ཏེ་སྤྱོད་མཁན་གནས་གཏན་གྱི་འཁེལ་སྒྲིག་གཞི་1735ཐག་གཅོད་བྱས་པ། སྨན་བཅོས་འགན་བཅོལ་ཞབས་ཞུའི་ཚན་པ་47གནས་སྐབས་མཚམས་འཇོག་གམ་ཡང་ན་བཀག་པ། སྨན་བཅོས་འགན་བཅོལ་ཞབས་ཞུའི་གྲོས་མཐུན་33མེད་པར་བཟོས་པ། རིམ་རྩིས་བརྒྱབ་ན་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྒོར་ཁྲི་8878.92ཕྱིར་བསྡུས་པ། སྲིད་འཛིན་ཆད་པ་སྒོར་ཁྲི་453.6བཅད་པ་བཅས་རེད།