དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་སློབ་ཆེན་གྱིས་ཆ་འཕྲིན་ཅན་གྱི་ལས་ཀའི་ཆེད་དོན་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    ཚེས་9ཉིན་གྱི་སྔ་དྲོར། བོད་ལྗོངས་སློབ་ཆེན་གྱིས་ཆ་འཕྲིན་ཅན་གྱི་ལས་ཀའི་ཆེད་དོན་འཆད་ཁྲིད་བྱས་ཤིང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་ལྗོངས་སློབ་ཆེན་ཆ་འཕྲིན་དང་ཚན་རིག་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་ཀྱིས“རབས་གསར་པའི་མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་བཀོལ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོར་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་ཞུགས་ཡོད་པ་རེད།

    ཉི་མ་བཀྲ་ཤིས་ཀྱིས་ལོ་མང་གི་ལག་ལེན་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས“མི་ཐབས་རིག་ནུས”དང་། “རབས་གསར་པའི་མི་ཐབས་རིག་ནུས” “མི་ཐབས་རིག་ནུས+”བཅས་ནང་དོན་གསུམ་གྱི་ཐོག་ནས་ཚང་མར་མི་ཐབས་རིག་ནུས་ཀྱི་ཡིད་དབང་འཕྲོག་ཤུགས་བསྟན་པ་དང་། མི་ཐབས་རིག་ནུས་སྔར་བྱུང་མྱོང་མེད་པའི་རྣམ་པའི་ཐོག་ནས་སྤྱི་ཚོགས་འཕོ་འགྱུར་གྱི་སྒུལ་ཤུཌ་གལ་ཆེན་དུ་འགྱུར་བཞིན་པ་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་རེད།

    ད་རེས་ཀྱི་ཆེད་དོན་འཆད་ཁྲིད་ཀྱི་དམིགས་ཡུལ་ནི་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཆ་འཕྲིན་ཅན་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། དགེ་སློབ་ཚོས་ཆ་འཕྲིན་ཅན་གྱི་རླབས་རྒྱུན་ལ་རང་འགུལ་ངང་འཚམ་པར་བྱེད་པ་དང་དེའི་ནང་མཉམ་འདྲེས་ཐུབ་རྒྱུར་ཁྲིད་སྟོན་བྱས་ནས། སློབ་གྲྭའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།