དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་ཀྱིས་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-25

    ཉེ་ཆར། རང་སྐྱོང་ལྗོངས་འགྱེད་འཕྲོའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་འགྱེད་འཕྲོའི་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས། ལས་དོན་པའི་ལས་སྒོའི་ནུས་པ་ཆེ་རུ་གཏོང་ཆེད་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དང་དེ་བཞིན་རྫོང(ཆུས) ཁག་གི་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ལས་དོན་པ་76གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གསོ་སྦྱོང་འཛིན་གྲྭར་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་ཆེད་མངགས་སློབ་ཁྲིད་བྱེད་པར་གདན་དྲངས་ཏེ། སློབ་ཁྲིད་ནང་དོན་ཁྲོད་འགྱེད་འཕྲོའི་ཁྲིམས་སྲོལ་སྲིད་ཇུས་འགྲེལ་བཤད་དང་། ལྟ་སྐུལ་ཞིབ་བཤེར་གྱི་བརྒྱུད་རིམ། འགྱེད་འཕྲོའི་བདེ་འཇགས་འགོག་སྲུང་དང་ལྟ་ཞིབ་ཚད་ལེན། འཕྲལ་སྡོམ་ཐག་གཅོད་དང་གྱོད་དཔེ་དབྱེ་ཞིབ་སོགས་ཚུད་ཡོད། གསོ་སྦྱོང་གིས་2025ལོའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཚོགས་འདུའི་དགོངས་དོན་ལ་དམ་པོར་དམིགས་པ་དང“ནུས་པ་འཛུགས་སྐྱོང་དང་། ཤེས་ལྡན་པ་གསོ་སྐྱོང་། ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན”བཅས་ལ་གཙོ་གནད་ཐོག་དམིགས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་གསོ་སྦྱོང་ལ་ཞུགས་མཁན་གྱི་ཆེད་ལས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།