དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • བོད་ཀྱི་འབྲོག་ལས་ཚན་རྩལ་གསར་གཏོད་ཀྱིས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-16

    ཉེ་ཆར། གསར་འགོད་པར་བོད་ལྗོངས་ཕྱུགས་རིག་སྨན་པའི་སློབ་ཚོགས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ཀྱི་འབྲོག་ལས་ཚན་རིག་ཞིབ་འཇུག་ཁོངས་གཏོགས་ཀྱིས་འབྲི་གཡག་དང་། ལུག བོད་ཕག་བཅས་ཀྱི་རིགས་རྒྱུད་འདེམས་གསོ་དང་རྒྱུད་འདྲེས་ཀྱི་རྒྱུད་པ་ལེགས་བཅོས་ལག་རྩལ་ཞིབ་འཇུག་དང་འདུས་གྲུབ་གཞན་སྒྱུར་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། འཕྲོད་ནུས་ཆེ་བ་དང་ནད་འགོག་ནུས་པ་ཆེ་བའི་འབྲི་གཡག་དང་ལུག་སོགས་ས་གནས་ཀྱི་ཕྱུགས་རིགས་ཁག་གཅིག་གསོ་ཚགས་བྱས་ཡོད་པ་རེད།

    མིག་སྔར། ལྗོངས་ཡོངས་སུ་ས་ཁོངས་མི་འདྲ་བའི་འབྲི་གཡག་དང་། ལུག བོད་ཕག་སོགས་ཕྱུགས་རིགས་རིམ་པ་གསུམ་གྱི་རྒྱུད་སྤེལ་ཁྱབ་གདལ་མ་ལག་རགས་ཙམ་བཙུགས་ནས་རྒྱུད་བཟང་ཕྱུགས་རིགས་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་རེད། ལྗོངས་ཡོངས་སུ་ཁྱོན་བསྡོམས་འབྲི་གཡག་དང་ལུག་གི་རྒྱུད་བཟང་གསོ་སྤེལ་རྟེན་གཞི་17ཡོད་པར་སྔ་རྗེས་སུ“ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག”དང“གངས་ལྗོངས་ཀྱི་བྱ་དེ་དཀར་པོ”“ཁུལ་ལྡན་ར་དཀར་པོ”བཅས་རྒྱལ་ཁབ་རིམ་པའི་ཕྱུགས་རིགས་ཀྱི་རྒྱུད་བཟང་གསར་པ་གསུམ་གསོ་སྤེལ་བྱས་ཡོད།

    བོད་ཀྱི་འབྲོག་ལས་འཕེལ་རྒྱས་གཏོང་བར་རྒྱལ་ཁབ་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། འབྲི་གཡག་ཐད། རང་སྐྱོང་ལྗོངས་ཀྱིས་2011ལོ་ནས་2023ལོ་བར་རིམ་རྩིས་བརྒྱབ་ན་ཕྱུགས་རིགས་ཀྱི་རྒྱུད་བཟང་ཁ་གསབ་སྒོར་དུང་ཕྱུར་1.89སྤྲད་ནས་རྒྱུད་བཟང་འབྲི་གཡག་69247སྐྱེ་འཕེལ་བཏང་སྟེ་རྒྱུད་བཟང་འབྲི་གཡག་ཁྱབ་ཚད་2015ལོའི་25%ནས་2022ལོའི་38%བར་མཐོ་རུ་སོང་ཡོད། དཀར་ཆུའི་ཐད། དུས་རབས་གོང་མའི་ལོ་རབས་70པ་ནས་བཟུང་ཀྲུང་གོའི་ཧོ་སི་ཐན་གྱི་གླང་དང་བོད་ཀྱི་བའི་རྒྱུད་པ་ལེགས་བཅོས་ཀྱི་ཁྱུ་ཚོགས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་མིག་སྔར་ཡར་ཀླུང་གི་བཞོན་མ་དཀར་ནག་དང་ཁྲ་ཁྲའི་རྒྱུད་གསར་གསོ་ཚགས་བྱས་པར་དཀར་ཆུའི་ཐོན་འབབ་རྒྱུན་ཆད་མེད་པར་འཕར་ནས། བོད་ཀྱི་ཞིང་འབྲོག་ཁུལ་གྱི་དཀར་ཆུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཕྱུགས་རིགས་དང་ཁྱིམ་བྱའི་ཕན་འབྲས་དང་སྐྱོན་བྲལ་གྱི་གསོ་སྤེལ་ལག་རྩལ་འདུས་གྲུབ་གསར་གཏོད་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པར་ཐོབ་ཅིང་། རྒྱུད་སྤེལ་ཐུབ་པའི་མོ་ཕྱུགས་ཀྱི་བསྡུར་ཚད་དེ་འདེམས་གསོ་མ་བྱས་གོང་གི་35.7%ནས་41.0%བར་འཕར་བ་དང་། ཁྱུ་ཚོགས་གཙོ་བོ50%ཡན་ཟིན་ནས་ས་བབ་མཐོ་བའི་འབྲོག་ཁུལ་གྱི་མོ་ཕྱུགས་ལ“ལོ་རེར་བེའུ་རེ”དང་། ལུག་ལ“ལོ་གཉིས་རེར་ལུ་གུ་གསུམ་རེ” ཁུལ་ལྡན་ར“སྐྱེ་འཕེལ་མང་བ”བཅས་ཀྱི་འགག་རྩའི་ལག་རྩལ་གྱི་དཀའ་གནད་ལས་ཚད་བརྒལ་བྱུང་བ། ས་མཐོའི་ཁོར་ཡུག་འོག་བཞོན་མའི་སྦྲུམ་རྟེན་སྤོ་འཛུགས་ལག་རྩལ་གྱི་འགོག་རྐྱེན་བསལ་བ། གངས་ལྗོངས་ཀྱི་བྱ་དེ་དཀར་པོའི་རྒྱུད་གསར་དང་དེ་བཞིན་ལེ་ལག་ཚང་བའི་འགག་རྩའི་ལག་རྩལ་འདུས་གྲུབ་གཞན་སྒྱུར་བྱེད་པར་ཚད་བརྒལ་ཆེན་པོ་བྱུང་བ་བཅས་རེད།

    བོད་ནི་རང་རྒྱལ་གྱི་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། 2021ལོར་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་ཀྱི་ཁྱུ་ཚོགས་གྲངས་འབོར་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་སྟེ། 《རྒྱལ་ཁབ་རིམ་པའི་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོང་མིང་གཞུང》དུ་བཀོད་པའི་རིགས་རྒྱུད་26ཟིན་ཡོད། མིག་སྔའི་བར་རང་ལྗོངས་སུ་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོང་གི་འབྲི་གཡག་རིགས་ཚོགས་ཀྱི་རྒྱུད་འཛིན་གཞི་རྒྱུའི་མཛོད་1བསྐྲུན་པ་དང་རྒྱལ་ཁབ་རིམ་པའི་རིགས་རྒྱུད་སྲུང་སྐྱོང་ར་བ་5དང་ཕ་ཕྱུགས་སྤེལ་ར་8བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།