ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཏང་གི་སློབ་གྲྭས།
སྐོར་སྐྱོད་ཏང་གི་སློབ་གྲྭའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མང་ཚོགས་ཀྱི་ཁྲོད་དང་། གཞི་རིམ། མི་སེམས་བཅས་སུ་དྲིལ་བསྒྲགས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་ཏང་གི་སློབ་གྲྭས་གཙང་རལ་སྡེ་ཁུལ་དུ་སྐོར་སྐྱོད་ཏང་གི་སློབ་གྲྭའི“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ”སློབ་སྦྱོང་བྱེད་པའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པར་སྡེ་ཁུལ་གྱི་ཏང་ཡོན་40ལྷག་ཙམ་སློབ་སྦྱོང་ནང་ཞུགས་པ་རེད།
“ད་ཐེངས་སྒྲོག་འགྲེལ་བྱས་པ་བརྒྱུད་སྡེ་ཁུལ་ཏང་ཡོན་གྱི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་བ་མ་ཟད། ཏང་ཡོན་དབར་གྱི་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་ཕྱིན་ནས་ཚང་མས་ཟབ་སྦྱོང་མཐིལ་རྟོགས་ཁྲོད་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བསམ་པའི་གནས་ཚད་མཐོ་རུ་ཕྱིན་ཡོད། གོམ་སྟབས་རྗེས་མར་བྱེད་སྒོ་འདི་རིགས་མུ་མཐུད་སྤེལ་ནས་ཏང་ཡོན་གྱི་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་གསོན་ཤུགས་འཕེལ་བར་བྱས་ནས་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་བློ་ཁ་ཕྱོགས་ནུས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་གི་ཡིན”ཞེས་གཙང་རལ་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།