དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་ཡ་རབས་དྲ་ཞུགས“སློབ་གྲྭར་སྤེལ་བའི”དྲིལ་བསྒྲགས་བྱེད་སྒོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-15

    ཉེ་ཆར། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་། གྲོང་ཁྱེར་ཤེས་དཔལ་འཛུགས་གཏོད་གཞུང་དོན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་སློབ་གསོ་ཅུས་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་སྒྲུབ་གཉེར་བྱས་པའི“ཡ་རབས་དྲ་ཞུགས། ལང་ཚོའི་དཔལ་ཡོན་ངོམས”ཞེས་པའི་ཡ་རབས་དྲ་ཞུགས“སློབ་གྲྭར་སྤེལ་བའི”དྲིལ་བསྒྲགས་བྱེད་སྒོ་གཉེར་ཞིང་། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་ལ་ཡ་རབས་དྲ་ཞུགས་ཀྱི་འདུ་ཤེས་འཛུགས་རྒྱུར་སྔར་བས་ཁྲིད་སྟོན་བྱས་ནས་དྲ་སྦྲེལ་གྱི་ཡ་རབས་བྱང་ཚད་མཐོ་རུ་གཏོང་ཆེད་རེད།

    བྱེད་སྒོའི་ཐོག་སྣ་མང་ཕུན་སུམ་ཚོགས་ཤིང་། མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་རིག་རྩལ་ལེ་ཚན་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་པ་དང་། དེའི་ནང་འཁྲབ་ཚན་ཐུང་གྲས་དང་། དགོད་བྲོའི་གཏམ་གླེང་། གླུ་གར་སོགས་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་པ་མང་པོ་ཚུད་ཡོད་ལ། སྤྲོ་སྣང་གི་རྣམ་པ་བརྒྱུད་སློབ་མས་ཡ་རབས་དྲ་ཞུགས་ལ་ངོས་འཛིན་བྱེད་ཚད་རིམ་བཞིན་ཟབ་ཏུ་བཏང་བ་མ་ཟད། མ་རབས་བྱེད་སྤྱོད་གཞན་དག་ཤེས་རྟོགས་ཐུབ་ཚད་ཀྱང་ཟབ་ཏུ་བཏང་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་བསྟན་འཛིན་ཆོས་ཉིད་ཀྱིས“ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། ངས་དྲ་རྒྱར་ཞུགས་སྐབས་དཀྲོག་གཏམ་ཤོད་མི་རུང་བ་དང་མ་རབས་ཐ་ཤལ་ལམ་ཡང་ན་གཏུམ་སྤྱོད་ཀྱི་བརྙན་ཐུང་དང་ཆ་འཕྲིན་ཡོངས་བསྒྲགས་སམ་ཡང་ན་བརྒྱུད་སྤེལ་བྱེད་མི་རུང་བ་ཤེས་བྱུང་། སླད་ཕྱིན་ངས་ཀྱང་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱེད་པ་དང་ཆབས་ཅིག ཉེ་འགྲམ་གྱི་གྲོགས་པོ་དང་གཉེན་ཉེར་སློབ་གསོ་བརྒྱབ་སྟེ་ཁོང་ཚོ་ཡ་རབས་ངང་དྲ་རྒྱར་ཞུགས་སུ་འཇུག་གི་ཡིན”ཞེས་བཤད།

    ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཕུད་བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དྲིལ་བསྒྲགས་ས་ཚིགས་བཙུགས་ཤིང་། ལས་དོན་མི་སྣས་འགྲེམས་པང་འཛུགས་པ་དང་དྲིལ་བསྒྲཌ་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སློབ་མ་ཚོར་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་ཡ་རབས་དྲ་ཞུགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ། ཚང་མར་མ་རབས་ཀྱི་དྲ་རྒྱའི་བྱེད་སྤྱོད་དང་ཁ་བྲལ་ནས་བདེ་འཇགས་དང་། སྐྱོན་བྲལ། ཡ་རབས། འཆམ་མཐུན་བཅས་ཀྱི་དྲ་རྒྱའི་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏོད་དགོས་པའི་འབོད་སྐུལ་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།