དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • ཚན་རྩལ་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཕན་འབྲས་གསར་པ་ཐོན་པ་དང་མཐོ་ཚད་གསར་པར་སླེབས་པར་བྱས་པ།

    ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་ཚོས་དམངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དགའ་ལྡན་ཆོས་འཁོར་གྲོང་ཚོས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་གི“སྒུལ་ཤུགས་གསར་པ”འཕེལ་བར་བྱས་ཏེ་བཅོས་སྐྱོང་ལ་ཕན་འབྲས་གསར་པ་ཐོན་པ་དང་མཐོ་ཚད་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད་པ་རེད།

    དགའ་ལྡན་ཆོས་འཁོར་གྲོང་ཚོས“ཞབས་ཞུའི་བྱང་བུ་སྤྱད་ནས་གསར་གཏོད་ལམ་བུར་སྐྱོད་པའི”ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་པ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྒོ་དབྱེ་རྣམ་པ་དང་། ཞབས་ཞུ་རྣམ་པ། ངོ་འཕྲད་རྣམ་པ་བཅས་ཀྱི་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་ཏེ། ཞབས་ཞུའི་ཆུ་ཚད་དང་ནུས་པར་ཞིབ་དཔྱད་བྱེད་དབང་མང་ཚོགས་ལ་སྤྲད་པ་དང་འབྲེལ། ས་ཚིགས་སུ་ཕྱོགས་བསྡུས་བློ་འདྲིའི་ཞབས་ཞུ་ཁུལ་དང་། དམངས་ཕན་ཞབས་ཞུ་ཁུལ། སྲིད་ཇུས་ཤེས་བྱའི་དྲིལ་བསྒྲགས་གསལ་འགྲེལ་ཁུལ། ངལ་གསོ་ཁུལ་བཅས་བསྐྲུན་པ་དང་། མྱུར་སྐྱོབ་སྨན་སྒམ་སོགས་ཀྱི་དམངས་ཕན་སྒྲིག་བཀོད་དང་དེ་བཞིན་ཡུལ་མིའི་འཚོ་བར་མཁོ་ཡང་བེད་སྤྱོད་དེ་ཙམ་མེད་པའི་དངོས་པོ་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་འཕྲལ་སྡོམ་དགོས་མཁོ་ཐག་གཅོད་ནུས་ལྡན་བྱས་ཡོད་པ་རེད།

    ཚན་རྩལ་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ནུས་པ་འདོན་པ་དང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། རྫོང་ཡོངས་སུ་གྲོང་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཆ་འཕྲིན་བཀོད་འདོམས་ལས་སྟེགས་བསྐྲུན་པ་དང་། “ཀུན་མཐོང་འདུ་འགོད”དང“གྲངས་འཛིན་ལྷུན་གྲུབ”ཀྱི་རྣམ་པ་སྤྱོད་རྒྱུ་དང་ཟུང་འབྲེལ་གྱིས་ཆ་འཕྲིན་གྱི་བཀག་རྒྱ་མེད་པར་བཟོ་བ་དང་གྲངས་གཞི་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

    གྲོང་ཚོ་ཡོངས་ཀྱི་ཆེད་བསྐོས་དྲ་མིག་དོ་དམ་པ་4ལ་PDAསྒུལ་བདེའི་མཐའ་སྣེ(མི་སྒེར་གྱི་གྲངས་འཛིན་ལས་རོགས)བཀོད་སྒྲིག་བྱས་ནས། གྲོང་ཚོའི་རྩ་གསུམ་ཆ་འཕྲིན་གཞི་གཅིག་ཅན་གྱི་GISས་བཀྲ་བཟོས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་སྒྲུབ་ལས་ཕྱོད་ཆེ་རུ་བཏང་ཡོད། མང་ཚོགས་ཀྱི་རེ་ཞུའི་ཐབས་ལམ་རྒྱ་ཆེར་བཏང་ནས། གྲངས་གཞི་མཉམ་སྤྱོད་མང་ཙམ་བྱས་ཏེ་མང་ཚོགས་འགྲོ་རྒྱུག་བྱེད་མི་དགོས་པ་བྱུང་ནས། སྣེ་མང་མཉམ་མཐུད་དང་ནུས་ཆེ་སྟབས་བདེའི“གྲངས་འཛིན་དམངས་ཕན་གྱི་སྐྱེ་ཁམས་འཁོར་རྒྱ”གྲུབ་ཡོད་པ་རེད།

    དགའ་ལྡན་ཆོས་འཁོར་གྲོང་ཚོས་གྲོང་ཚོའི་ལས་བྱེད་པ་དང་། གྲོང་སྡོད་ལས་བྱེད་པ། ཆེད་བསྐོས་དྲ་མིག་དོ་དམ་པ་བཅས་རྒྱུ་རྐྱེན་གཙོ་བོར་བརྩིས་ནས། དགའ་ལྡན་ཆོས་འཁོར་གྲོང་ཚོའི་དང་བླངས་ཞབས་ཞུ་རུ་ཁག་འཐུས་སྒོ་ཚང་དུ་བཏང་ཡོད། དང་བླངས་ཞབས་ཞུ་རུ་ཁག་གིས་རྒྱུན་གཏན་གྱི་འཚམས་འདྲི་དང་དུས་བཀག་འཚམས་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་བྱས་ནས། གང་དུ་དགོས་མཁོ་ཡོད་ན་དེ་གར་སྐྱོད་པ་དང་། ཐག་ཉེ་སར་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད། དེ་དང་ཆབས་ཅིག་དུས་བཀག་ལྟར་དཀའ་ངལ་ཡོད་པའི་ཁྱིམ་ཚང་དུ་བསྐྱོད་དེ་རྒན་རྒོན་གྱི་ཁྲག་ཤེད་ལྟ་བ་དང་ཁོང་ཚོའི་གཟུགས་གཞི་བདེ་ཐང་ལ་སེམས་ཁུར་བྱེད་ཀྱི་ཡོད། མིག་སྔའི་བར་དང་བླངས་ཞབས་ཞུ་རུ་ཁག་གིས་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་ཞབས་འདེགས་ཞུས་ནས་ཞིང་འབྲོག་མང་ཚོགས་ལ་བྱ་བ་དངོས་30ལྷག་ཙམ་བསྒྲུབས་ཡོད་པ་རེད།

    འདི་ལོ་ཚུན། དགའ་ལྡན་ཆོས་འཁོར་གྲོང་ཚོས“ཏང་ཡོན་གྱི་ལྟེ་བའི་དུད་ཚང་དང་གཉིས་ལྡན་དུད་སྦྲེལ་ཟུང་དུ་འབྲེལ་བའི”བྱ་ཐབས་སྔོན་ལ་བཏོན་པ་དང“1+5”ཡི་ལས་ཀའི་ལམ་སྲོལ་ལག་ལེན་བསྟར་བ་སྟེ། ཏང་ཡོན་གྱི་ལྟེ་བའི་དུད་ཚང་གཅིག(དུད་སྦྲེལ་ཐེམ་དཔོན)གིས་ཡུག་ཁུལ་གྱི་སྲིད་ཇུས་དྲིལ་བསྒྲགས་དང་། ལས་དར་ཕྱུག་འགྱུར། སེམས་ཁྲལ་དང་དཀའ་ངལ་སེལ་བ། དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་འཚོལ་བསྡུ་སོགས་ཀྱི་ལས་དོན་ཁག་5ཡི་འགན་ཁུར་ནས་བཅོས་སྐྱོང་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁག་5འདུམ་འགྲིག་ཐག་གཅོད་བྱས་ནས། རྩོད་གཞི་ཉིན་གཅིག་ལ་ཐག་གཅོད་དང་། འགལ་ཟླ་ཚོགས་ཆུང(དུད་སྦྲེལ)དུ་ཐག་གཅོད། ཡིག་འབུལ་ཞུ་བཅར་གྲོང་ཚོར(དྲ་མིག)ཐག་གཅོད་བཅས་དངོས་འབྲེལ་ཐུབ་ཡོད་པ་རེད།

    གཞན་ཡང་དགའ་ལྡན་ཆོས་འཁོར་གྲོང་ཚོས“བརྒྱུད་རོགས་ཁྲིད”གསུམ་གྱི་ལས་དོན་དམིགས་སའི་རང་བཞིན་ལྡན་པའི་ངང་སྤེལ་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད། “གྲོས་བཞི་དང་ཡོངས་བསྒྲགས་གཉིས”ལག་ལེན་ནན་པོ་བསྟར་ནས། ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཉན་ཏེ“ཁྲིམས་སྐྱོང་དང་། རང་སྐྱོང་། ཚུལ་བཞིན་སྐྱོང་བ”བཅས་བཅོས་སྐྱོང་གསུམ་མཉམ་འདྲེས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་ཧུར་ཐག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།