དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི“12355”གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་ཀྱིས།

    ཆེད་ལས་ཀྱི་དགེ་མཚན་བཏོན་ནས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་བསྲུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-26

    ད་ལོ་ནི་ཉིང་ཁྲི་གྲོང་ཁྱེར་གྱི“12355”གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་སྤྱོད་འགོ་ཚུགས་པའི་ལོ་བཞི་པ་ཡིན་ཞིང་། ད་ལོ་ཚུན་དུ། “12355”གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་ཀྱིས་ཆེད་ལས་ཀྱི་དགེ་མཚན་དང་ལས་སྟེགས་ཀྱི་ལེགས་ཆ་ཧུར་ཐག་བཏོན་ཏེ། གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་དང་བཅའ་ཁྲིམས་ལ་བརྟེན་ནས་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་དགོས་མཁོར་གཞིགས་ནས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། ལས་དོན་དེ་གཞོན་ནུ་ལོ་ཆུང་གི་དངོས་ཡོད་སློབ་སྦྱོང་དང་འཚོ་བའི་ནང་ཁྱབ་པར་བྱས་ཏེ། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་རམ་བྱེད་པའི་འབྲེལ་ཟམ་ལྟ་བུར་འགྱུར་བར་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི“12355”གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་ཀྱི་ཞབས་ཞུའི་དུས་ཚོད་ནི་རེས་གཟའ་ཟླ་བ་ནས་པ་སངས་བར་གྱི་སྔ་དྲོའི་ཆུ་ཚོད་9:30ནས་ཆུ་ཚོད་13:00བར་དང་། ཕྱི་དྲོའི་ཆུ་ཚོད་15:30ནས་ཆུ་ཚོད་18:30བར་ཡིན་པ་དང་། དེ་བྱིངས་ཀྱི་དུས་ཚོད་ནང་ཁ་པར་ནས་ལན་བཞག་ཆོག་པ་དང་། སེམས་ཁམས་དང་བཅའ་ཁྲིམས་སོགས་ཐད་ཀྱི་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་དུས་ངེས་མེད་དུ་ཐད་སྦྲེལ་ཁ་པར་ཉན་དུ་འཇུག་གི་ཡོད་པ་རེད།

    གཞོན་ནུ་ལོ་ཆུང་གི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐད། གཞོན་ནུ་ལོ་ཆུང་གི་རྒྱུན་མཐོང་བཅའ་ཁྲིམས་གནད་དོན་ལ་དམིགས་ནས། “12355”གཞོན་ནུ་ལོ་ཆུང་གི་ཞབས་ཞུའི་ལས་སྟེགས་སུ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སེམས་ཁམས་རིགས་གཅིག་མཁས་ཅན་དང་བཅའ་ཁྲིམས་རིགས་གཅིག་མཁས་ཅན་18གདན་དྲངས་ཏེ། གཞོན་ནུ་ལོ་ཆུང་འཚར་ལོངས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་གུང་གཞོན་སྡེ་ཚོགས་ཀྱི་ཞབས་ཞུ་མཁོ་སྤྲོད་གཉིས་སྦྲེལ་མཐུད་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱས་ཡོད། དེ་དང་ཆབས་ཅིག འབྲིང་རྒྱུགས་དང་མཐོ་རྒྱུགས་རིང་གཞོན་ནུ་ལོ་ཆུང་གི་སེམས་ཁམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་། དབྱར་དགུན་གུང་གསེང་རིང་གི་རང་སྲུང་སློབ་གསོ། སློབ་གྲྭ་དང་སྡེ་ཁུལ་དུ་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས་སོགས་ཀྱི་ཞབས་འདེགས་བྱེད་སྒོ་ཐེངས་6སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།