ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཁྲག་འབུལ་ས་ཚིགས་ཀྱིས་ཁྲག་སྦྱིན་གཏོང་བའི་བྱེད་སྒོ་སྤེལ་བ།
ཉེ་ཆར་ཆབ་མདོ་གྲོང་ཁྱེར་ལྟེ་བའི་ཁྲག་འབུལ་ས་ཚིགས་ཀྱིས་སྟེང་ཆེན་རྫོང་དུ་ཁྲག་སྦྱིན་གཏོང་བའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཁྲག་འབུལ་དང་བླངས་པ་200ལྷག་ཙམ་གྱིས་སྨན་དོན་མི་སྣའི་མཛུབ་ཁྲིད་འོག་ཆ་འཕྲིན་ཐོ་འགོད་དང་། ཁྲག་ཤེད་ལྟ་བ། ཁྲག་ལ་བརྟག་དཔྱད་སོགས་ཁྲག་འབུལ་གྱི་བརྒྱུད་རིམ་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བྱས་པ་རེད། ཁྲག་ཕུལ་རྗེས། ལས་དོན་མི་སྣས་ཁྲག་འབུལ་མཁན་ལ་ཁྲག་ཕུལ་རྗེས་ཀྱི་བཟའ་བཏུང་དང་། ངལ་གསོ་རྒྱག་སྟངས། རང་ཉིད་ཀྱི་བདེ་སྲུང་སོགས་དང་འབྲེལ་བ་ཡོད་པའི་དོ་སྣང་བྱེད་དགོས་པའི་གནས་ཚུལ་ཞིབ་མོར་བཤད་དེ་ཁྲག་འབུལ་མཁན་གྱི་ལུས་ཁམས་བདེ་ཐང་ལ་འགན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཁྲག་སྦྱིན་གཏོང་བའི་བྱེད་སྒོར་སྟེང་ཆེན་རྫོང་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས་ཧུར་ཐག་ཞུགས་པ་དང་། ཁྱོན་མི་43གྱིས་ཁྲག་ཧའོ་ཧྲེང་12600ཕུལ་བ་རེད།