དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་འཕྲོད་བསྟེན་དང་བདེ་ཐང་གི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-10

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི“དམིཌ་ས་ལྔའི”བླང་བྱ་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར(ས་ཁུལ)ཁག་གི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་པ། འཕྲོད་བསྟེན་དང་བདེ་ཐང་གི“བྱ་སྤྱོད་ཁག་བརྒྱད”ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་ཉམས་མྱོང་ལ་དུས་མཚམས་རང་བཞིན་གྱི་ཕྱོགས་སྡོམ་བཅས་བྱས་པ་དང་ཆབས་ཅིག འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“དམིགས་ས་ལྔའི”བླང་བྱ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང“བྱ་སྤྱོད་ཁག་བརྒྱད”ལ་ངོས་འཛིན་གསར་པ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི“འགན་སྲུང་དྲ་བ”ཞིབ་ཚགས་སུ་གཏོང་བ་དང་། ནད་གཞི་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི“མེ་འགོག་གྱང”བརྟན་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི“འཇམ་ཤུགས”ཆེ་རུ་གཏོང་བ། མང་ཚོགས་ཚོའི་བདེ་ཐང་གི“ཐོབ་སྣང”ཆེ་རུ་གཏོང་བ། དམངས་ཡོངས་ཀྱི་བདེ་ཐང་གི“ཉམས་འགྱུར་གསར་པ”མངོན་པ་བཅས་བྱས་ནས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་རྣམ་པ་གསར་པ་གཏོད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོན་པར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།