སྣེ་གདོང་ཆུས་ཀྱིས་སློབ་ཆུང་སློབ་མའི་བརྗོད་དོན་གཙོ་བོའི་རི་མོའི་འགྲན་བསྡུར་བྱས་པ།
ཉེ་ཆར། སྣེ་གདོང་ཆུས་ཀྱི“སྲོལ་རྒྱུན་གྲོང་ཚོ—ངའི་སེམས་ཁོང་གི་ཁྱིམ་གཞིས”ཞེས་པའི་སློབ་ཆུང་སློབ་མའི་བརྗོད་དོན་གཙོ་བོའི་རི་མོའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྐྱེད་པ་ཤང་སློབ་ཆུང་དུ་འཚོགས་པ་རེད།
སྒྱུ་རྩལ་གྱི་རྣམ་པས་ཕྱུག་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཡུལ་དུ་ཕུལ་བྱུང་གི་འགྲན་ཞུགས་བརྩམས་ཆོས་རེ་རེ་བྱ་དགའ་སྤྲོད་སའི་སྟེགས་བུའི་མདུན་དུ་བཤམས་ནས་ཕྲུ་གུ་ཚོས་སྲོལ་རྒྱུན་གྲོང་སྡེར་ངོས་འཛིན་དང་དགའ་ཞེན་བྱེད་སེམས་ཕྱོགས་ཡོངས་ནས་མངོན་ཡོད་པ་རེད། བྱ་དགའ་ཨང་དང་པོ་ཐོབ་མཁན་པ་སངས་བདེ་སྐྱིད་ཀྱི་བརྩམས་ཆོས་ནང་སོར་མོའི་འཁྱུག་འགྲོས་ཡངས་པོར་བརྟེན་ནས་སྲོལ་རྒྱུན་གྲོང་སྡེའི་གྱ་གྱུའི་སྲང་ལམ་ཆུང་ཆུང་བྲིས་ཏེ་དབེན་འཇམ་ཞི་མཐུན་གྱི་གནའ་བོའི་གྲོང་ཚོ་ཞིག་སྐྱེ་བོ་ཀུན་གྱི་མིག་མདུན་དུ་མངོན་པར་བྱས་ཡོད།