དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་དགེ་སློབ་ལ་རྒྱལ་ཁབ་རིམ་པའི་རྩལ་ནུས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-25

    ཚེས་11ནས་15ཉིན་བར། 2024ལོའི་རྒྱལ་ཡོངས་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི“ཡུས་ཤོན་ཚན་རྩལ་བུམ་པའི”རྒྱལ་ཡོངས་རླངས་འཁོར་ཉམས་བཟོའི་ཞབས་ཞུའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་སྐབས་གཉིས་པའི“ཀོང་ཀྲོའུ་རླངས་འཁོར་རི་ཡེ་བུམ་པའི”ཚོང་སྤྱོད་རླངས་འཁོར་གྱི་འཕྲུལ་ཆས་ཉམས་བཟོའི་ལས་བཟོའི་འགྲན་བསྡུར་ཀོང་ཀྲོའུ་རུ་གཉེར་བ་རེད། བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་སྐལ་བཟང་བཀྲ་ཤིས་དང་འཕྲིན་ལས་བཟང་པོ་ལ་ལས་བཟོའི་ཚོགས་ཆུང་དང་སློབ་མའི་ཚོགས་ཆུང་གི་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་སོ་སོར་ཐོབ་ཡོད།

    བདམས་ཐོན་པ་འཕྲིན་ལས་བཟང་པོས“བྱ་དགའ་ལེན་སྟེགས་ཐོག་འཛེག་སྐབས་སེམས་ནང་དགའ་སྤྲོ་དང་སྤོབས་སེམས་ཚད་མེད་སྐྱེས་བྱུང་། སློབ་གྲྭས་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། ཁ་གཏད་རོགས་སྐྱོར་གྱི་སྲིད་ཇུས་ལག་ལེན་བསྟར་བ། ད་དུང་ཚོགས་པས་ལྷག་བསམ་རྣམ་དག་གིས་རམ་འདེགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ནང་མིས་སྐུལ་ལྕག་བྱས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་བྱ་དགའ་འདི་ནི་ངའི་འབད་བརྩོན་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་པ་མ་ཟད། ངའི་མདུན་སྐྱོད་ཀྱི་སྒུལ་ཤུགས་དེ་བས་ཀྱང་ཡིན། སླད་ཕྱིན་ངས་མུ་མཐུད་འབད་བརྩོན་ལྷོད་མེད་བྱས་ནས་རླངས་འཁོར་ཉམས་བཟོའི་ཁྱབ་ཁོངས་ནང་དེ་བས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།