ལམ་གཅེས་ལམ་སྲུང་ལ་མཉམ་དུ་ཞུགས་པ།

“ལྕགས་ལམ་ཕྱི་རོལ་གྱི་ཁོར་ཡུག་བདེ་འཇགས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
སློབ་གྲྭའི་དགེ་སློབ་ཚོའི་ལམ་གཅེས་ལམ་སྲུང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ལྕགས་ལམ་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་ཆེར་གཏོང་བྱ་ཆེད། ཉེ་ཆར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུ་ཉིང་ཁྲི་ཕྱོགས་བསྡུས་ཉམས་གསོའི་འཁོར་ཁང་གིས་ཉིང་ཁྲི་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་ལམ་སྲུང་གཞུང་ལས་ཁང་དང་མཉམ་དུ“ལྕགས་ལམ་ཕྱི་རོལ་གྱི་ཁོར་ཡུག་བདེ་འཇགས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་སློབ་ཆུང་གི་སློབ་མར་དམིགས་བསལ་གྱི“ལག་ལེན”སློབ་ཚན་ཞིག་ཁྲིད་པ་རེད།