གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱིས་སློབ་མ་སྒྲིག་འཛུགས་བྱས་ནས་ཅང་སུའུ་རུ་བསྐྱོད་དེ་མི་རིགས་མཐུན་སྒྲིལ་དང་མཐོ་སློབ་ཏུ་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་བྱེད་སྒོ་སྤེལ་བ།
ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས་ལྷ་སའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་མ་25སྒྲིག་འཛུགས་བྱས་ནས་ཅང་སུའུ་ནན་ཅིང་དུ་བསྐྱོད་དེ་དུས་ཡུན་ཉིན་8ཀྱི་མི་རིགས་མཐུན་སྒྲིལ་དང་མཐོ་སློབ་ཏུ་ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོར“ཅང་སུའུ་དང་ལྷ་སའི་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། ཞིབ་འཇུག་སློབ་སྦྱོང་གི་ལག་ལེན་ལ་བརྟེན་ནས་འཚར་ལོངས་ལ་རམ་འདེགས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཅང་སུའུ་དང་ལྷ་སའི་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ལྷ་སའི་གཞོན་ནུ་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཁོང་ཚོར་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱ་ཆེད་རེད།
གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ལས་ཀའི་བསམ་ཕྱོགས་གསར་འབྱེད་དང་ལས་ཀའི་བྱ་ཐབས་གསར་གཏོད་བྱས་ནས་གཞོན་ནུ་སློབ་མའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་ཡག་པོ་བསྒྲུབས་ཏེ། ལྷ་སའི་གཞོན་ནུ་སློབ་མར་ཕྱིར་བསྐྱོད་དེ་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ནས་སྤེལ་རེས་ལག་ལེན་ཁྲོད་བསམ་བློ་ཡར་ཐོན་ལ་ཁྲིད་སྟོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།