དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ལུགས་གསོ་རིག་རྒྱུན་འཛིན་བྱས། སྨན་བཅོས་དགོས་མཁོ་ལེགས་པར་བསྐངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-19

    འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་བཀྲ་ཤིས་ལྷུན་པོ་དགོན་གྱི་སྐྱིད་ན་དྲང་སྲོང་འདུས་གླིང་སྨན་རྩིས་ཁང་གི་སྨན་པས་སྨན་ལེན་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་བོད་ལུགས་གསོ་རིག་སྡེ་ཁག་གི་སྨན་དོན་མི་སྣས་ནད་པར་བྱུག་པ་རྒྱག་བཞིན་པ།

    བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་ཐོག་གི་སྲོལ་རྒྱུན་གསོ་བ་རིག་པ་ཆེན་པོ་བཞིའི་ཡ་གྱལ་ཡིན་ཞིང་། དེ་ནི་བོད་རིགས་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་གསོག་འཇོག་བྱས་པའི་གསོ་རིག་གི་ཉམས་མྱོང་དང་འཚོ་གནས་བློ་གྲོས་ཀྱི་སྙིང་བཅུད་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་གསོ་རིག་བང་མཛོད་ནང་གི་མཆོག་ནོར་ཞིག་ཀྱང་རེད། དེར་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་འདུས་ཡོད།

    བོད་ཀྱི་ས་གནས་ཁག་གི་སྨན་རྩིས་ཁང་ཁག་གིས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་བོད་ལུགས་གསོ་རིག་གི་ནད་སྡོད་ཁུལ་དང་། སྒོ་བསྟེན་ཁུལ། དྲག་སྐྱེད་གསོ་བཅོས་ཁུལ་སོགས་ཀྱི་ཚན་ཁག་བཙུགས་ནས་ཚན་རིག་དང་མཐུན་པའི་ངང་སྨན་ཁང་གི་དོ་དམ་གོ་རིམ་ཚད་ལྡན་དུ་གཏོང་བ་དང་སྨན་བཅོས་ཀྱི་སྤུས་ཚད་དང་ནད་ཐོག་སྨན་བཅོས་ཀྱི་ཕན་ནུས་ལ་འགན་ལེན་བྱས་ཏེ་མང་ཚོགས་ལ་སྤུས་ལེགས་དང་བདེ་འཇགས། གོང་ཁེའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་སྨན་བཅོས་ཞབས་འདེགས་ཞུ་གི་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།