དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • ལེ་དབར་སྟོང་གི་བར་ཐག་ཆོད་ན་ཡང་། སློབ་ཁྲིད་མི་སྐྱོང་མཛའ་བརྩེ་བརྒྱུད་སྤྲོད་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-18

    འདི་ནི་ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་དུ་ལིང་ནན་དགེ་འོས་སློབ་གླིང་གི་སློབ་སྐྱོར་རུ་ཁག་གི་ཁོངས་མི་ཧུའུ་ཀྲེང་ཕེ་ཡིས་སློབ་གསེང་སྐབས་ཕྲུ་གུ་ཚོ་དང་རྩེད་མོ་རྩེ་བཞིན་པ།

    འདི་ནི་ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོ་ཁ་ལག་ཟ་བཞིན་པ།

    འདི་ནི་ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་དུ་ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་གི་བོད་ཡིག་དགེ་རྒན་སྐལ་བཟང་ཆོས་སྒྲོན་གྱིས་བོད་ཡིག་སློབ་ཚན་འཁྲིད་བཞིན་པ།

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་ལྟེ་བའི་སློབ་ཆུང་གི་ས་བབ་མཐོ་ཚད་སྨི་4000ཙམ་ཟིན་པ་དང་ཀོང་པོ་རྒྱ་མདའ་རྫོང་གི་ས་བབ་མཐོ་ཤོས་ཀྱི་སློབ་གྲྭ་ཞིག་རེད། 1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་ནས་བཟུང་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་པ་དང་། ལོ་དེ་རང་ལ་སློབ་གྲྭ་བཙུགས་པ་དང་མིག་སྔར་སློབ་གྲྭར་སློབ་མ་397ཡོད་པའི་ཁྲོད་མང་ཆེ་བ་འབྲོག་ཁུལ་ནས་ཡིན་ཞིང་ལམ་ཐག་རིང་ཤོས་ལ་སྤྱི་ལེ་50ཙམ་ཡོད་པ་རེད།

    སློབ་གྲྭ་བཙུགས་མ་ཐག་པའི་སྐབས་སུ་སློབ་གྲྭའི་ཆ་རྐྱེན་ཞན་པས་སྟོན་དུས་དང་དགུན་དུས་སུ་སློབ་ཁང་ནང་ལྕགས་ཐབ་བཏང་ནས་དྲོད་ཁུག་ཐབས་བྱེད་དགོས་པ་དང་། དགེ་རྒན་ཚོས་ཆུ་བླངས་ནས་ལྟོ་ཆས་གྲ་སྒྲིག་བྱེད་དགོས་པས་ས་གནས་དེ་གའི་དགེ་རྒན་ཡུལ་གཞན་དུ་ལས་སྒྱུར་བྱེད་ཚད་སྐབས་ཤིག་རིང་20%ཟིན་ཡོད། 2016ལོར་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཀྲུང་ཧྲན་གྲོང་ཁྱེར་གྱི་སློབ་གྲྭས་ཀོང་པོ་རྒྱ་མདའ་རྫོང་གི་སློབ་གྲྭ་འབྲིང་ཆུང་ཚང་མར“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་བྱས་ནས། སློབ་ཁྲིད་ཀྱི་མཁོ་་ཆས་དང་། སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན། དགེ་རྒན་གསོ་སྦྱོང་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གྲངས་གཞི་ལས་མངོན་པར། 2016ལོར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་བྱེད་འགོ་བཙུགས་ཚུན། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་ཁྱོན་མི་ཐེངས་2100ལྷག་ཙམ་བཏང་བ་དང་། ཚོགས་སྒྲིག་རྣམ་པའི་སྒོ་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་ད་བར་ས་གནས་དེ་གའི་དགེ་རྒན་2500ལྷག་ཙམ་དང་ཚོགས་པ་150ལྷག་ཙམ་ལ་རོགས་ཁྲིད་བྱས་ཡོད་པ་རེད།

    ཁ་གཏད་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་བས་ཆེད་ལས་དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་ནུས་ལྡན་ཕྱིན་པ་དང་སློབ་གྲྭའི་སྒྲིག་བཀོད་དང་སྒྲིག་ཆས་ལེགས་སུ་ཕྱིན་ཡོད། ད་ཆ་སློབ་ཁང་དུ་སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་དང་དྲོད་ལེན་སྒྲིག་ཆས་བསྒར་ཡོད་པ་མ་ཟད། སློབ་གྲྭར་ཁང་ནང་དང་ཁང་ཕྱིའི་ལན་ཆིའུ་སྤོ་ལོ་ཐང་དང་རྐང་རྩེད་སྤོ་ལོ་ཐང་གཉིས་ཡོད་པ་རེད། འདི་ལོའི་ཟླ་གསུམ་པར་སློབ་གྲྭ་དེ་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས“ཀོང་ཏུང་དང་ཉིང་ཁྲིའི་རྐང་རྩེད་སྤོ་ལོའི་རྟེན་གཞིའི་སློབ་གྲྭར”བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།