དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གིས།

    2024ལོའི་ཨ་མདོ་རྫོང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ནད་པ་ཁག་དང་པོ་ནན་ཅིང་དུ་རིན་མེད་སྨན་བཅོས་བྱེད་པར་མངགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-17

    ཉེ་ཆར“ཨ་མདོར་བརྩེ་བ་འཆང་། མི་སེམས་འགུལ་བའི་བྱ་སྤྱོད”ཅེས་པའི་2024ལོའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གྲལ་བཤེར་རོགས་སྐྱོབ་ཀྱི་བྱ་སྤྱོད་ཁག་དང་པོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱ་སྤྱོད་2024ལོའི་ཟླ་7པར་སྤེལ་འགོ་ཚུགས་པ་དང་། དེའི་རིང་ཨ་མདོ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཤར་རྒྱུད་འཐབ་ཁུལ་སྤྱི་ཁྱབ་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ་དང་མཉམ་དུ་ཨ་མདོ་རྫོང་གི་ཤང་དང་གྲོང་རྡལ་ཁག་ཏུ་བསྐྱོད་དེ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་བརྟག་དཔྱད་ཕྱོགས་ཡོངས་ནས་བྱས་པར་ཁྱོན་ལོ་0ནས་18བར་གྱི་གཞོན་ནུ་ལོ་ཆུང་བྱིས་པ་2000ལྷག་ཙམ་ལ་གྲལ་བཤེར་བྱས་རྗེས་གཤགས་བཅོས་བྱེད་པའི་ཚད་གཞིར་སླེབས་པ་དང་དེ་བཞིན་རོགས་རམ་བྱེད་དགོས་པའི་བྱིས་པ་21ཡོད་པ་རེད།

    ཟླ་9ཚེས་12ཉིན་ཨ་མདོ་རྫོང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ལས་དོན་མི་སྣའི་རོགས་རམ་འོག་ཨ་མདོ་རྫོང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་21དང་ཁོང་ཚོའི་ཁྱིམ་བདག་ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པར་རིན་མེད་གཤགས་བཅོས་བྱེད་པར་བསྐྱོད་ཅིང་། གནམ་གྲུའི་སྤ་སེ་དང་། ཉལ་ཁང་། སྨན་བཅོས་སོགས་ཀྱི་འགྲོ་གྲོན་ཚང་མ་རྒྱལ་ཁབ་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པའི་སྨན་བཅོས་རོགས་སྐྱོབ་མ་དངུལ་ནས་བཏང་བས། ནད་གཞི་ཕོག་པའི་བྱིས་པའི་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཏན་ཏིག་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།