དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ།

    འབྲོག་ཟོག་མཁོ་སྤྲོད་བརྟན་པོ་བྱ་ཆེད་གཡས་གཞོགས་གཡོན་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

     འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བཅའ་ཁྲིམས》ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་དུ་བརྩིས་ནས་གསོ་ཚགས་ལས་རིགས་ཀྱི་ཐོན་སྐྱེད་བདེ་འཇགས་དང་། སྲོག་ཆགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་བཅས་སྲུང་སྐྱོང་བྱ་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ་དང་། རྨང་གཞིའི་རིམས་འགོག་དང་། སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན། འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྲོག་ཆགས་ཀྱི་རིམས་ནད་གཙང་འགྱུར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བ་དང་འབྲོག་ཟོག་མཁོ་སྤྲོད་བརྟན་པོ་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    རིམས་འགོག་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། གཞིས་རྩེ་གྲོང་ཁྱེར་གྱིས“སྔོན་འགོག་གཙོར་བཟུང”གི་འདུ་ཤེས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། རིམས་འགོག་སྨན་ཁབ་སྐྱེལ་འདྲེན་དང་། ཉར་ཚགས། བེད་སྤྱོད་བཅས་དང་དེ་བཞིན་རིམས་འགོག་ཚད་ལྡན་བཀོལ་སྤྱོད་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། ཧའོ་ཧྲེང་ཁྲི་2588.4ཟིན་པའི་རྒྱུན་གཏན་གྱི་རིམས་འགོག་སྨན་ཁབ་7དང་རིགས་5ཡི་འབུ་སྐྲོད་སྨན་རྫས་3728སྤྲད་ཡོད། རིགས་ཁག་གི་རིམས་འགོག་དུག་སེལ་དངོས་ཟོག་2664(སྒམ)སྤྲད་ཡོད། སྲོག་ཆགས་ཀྱི་རིམས་ནད་གལ་ཆེན་ལ་ཧའོ་ཧྲེང་ཁྲི་1417.54ཟིན་པའི་རིམས་འགོག་སྨན་ཁབ(ཁག་དང་པོ)སྤྲད་དེ་གྲོང་ཁྱེར་ཡོངས་ཀྱི་དཔྱིད་དུས་ཀྱི་གཙོ་གནད་སྲོག་ཆགས་ལ་རྒྱག་དགོས་ངེས་ཀྱི་རིམས་འགོག་དང་རྒྱུན་གཏན་གྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལེགས་སྒྲུབ་བྱས་ཡོད། སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་ནད་རིགས་10ཡི་ཞིབ་བཤེར་ཚད་ལེན་རྣམ་གྲངས་23དང་དངོས་དཔེ་1405ཡི་ཞིབ་བཤེར་ཚད་ལེན་ལས་དོན་ལེགས་སྒྲུབ་བྱས་ཏེ་རིམས་འགོག་ཕན་འབྲས་འགན་ལེན་དང་རིམས་འགོག་སྲུང་བཅད་བརྟན་དུ་བཏང་ཡོད།

    གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་བདེ་འཇགས་འགན་ལེན་བྱས་ཤིང་། “མི་ཕྱུགས་གཉིས་ཀར་རིམས་ནད་མ་ཕོག་སྔོན་འགོག”གི་ལས་ཀའི་འདུ་ཤེས་བཙུགས་ནས་མི་ཕྱུགས་གཉིས་ཀར་ནད་གཞི་མ་ཕོག་པའི་འབྱུང་རྩ་སྔོན་འགོག་དང་ཚོད་འཛིན་བྱས་ཡོད། པུ་ལུ་པ་འབུ་ཕྲའི་ནད་དང་། ཐུམ་འབུའི་ནད། འབྲས་གཅོང་སོགས་མི་ཕྱུགས་གཉིས་ཀར་ཕོག་པའི་ནད་རིགས་གཙོ་བོ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ལ་དམ་འཛིན་བྱས་ཏེ་གནས་44དང་དངོས་དཔེ་2121གི་དཔེ་ལེན་ཞིབ་བཤེར་ལས་འགན་ལེགས་སྒྲུབ་བྱས་པ་དང་། འབྲོང་པ་དང་ངམ་རིང་རྫོང་གི་ལུག་ལ་སྤྱོད་པའི་ཚེར་ཟླུམ་འབུ་ཕྲུག་གི་གཞི་རྒྱུའི་ལས་གྲྭའི་སྨན་ཁབ་ཁྲི་84.23དང་གྲོང་ཁྱེར་ཡོངས་ཀྱི་སྒོ་ཁྱིའི་འབུ་སྐྲོད་སྨན་རིལ་བུ་ཁྲི་48.17གཏོང་སྤྲོད་དང་རིམས་འགོག་ལས་དོན་ལེགས་སྒྲུབ་བྱས་ཏེ་འབྲོག་ལས་ཐོན་སྐྱེད་ཀྱི་བདེ་འཇགས་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅས་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།

    སྤྱི་ཡོངས་ལ་སྐུལ་འདེད་དང་ནུས་པ་ཆེ་རུ་བཏང་ཞིང་། “སྔོན་ལ་ལམ་འཚོལ་དང་། དཔེ་སྟོན་སྣེ་ཁྲིད། ཁྱབ་འགྱེད་སྐུལ་ཁྲིད”བཅས་ཀྱི་ལས་དོན་སྤེལ་སྟངས་གཞིར་བཟུང་། གྲོང་ཁྱེར་དེ་ཡོངས་ཀྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚན་ཞིབ་གསར་གཏོད་དང་ནུས་པ་མཐོར་གཏོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་སྣེ་ཁྲིད་འོག་སྲོག་ཆགས་ཀྱི་རིམས་ནད་གཙང་འགྱུར་ས་ཚིགས་2འཛུགས་གཏོད་དང་ཕྱུགས་རིགས་སྨན་པའི་ཚན་རྩལ་འཆར་འགོད་རྣམ་གྲངས་1ལག་བསྟར་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གནས་ཚུལ་གཅིག་ཀྱང་མི་ལྷགས་པ་བྱས་ནས་ཚན་པའི་སྤྱི་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་ཆེད་ལས་ལག་རྩལ་པའི་སྤེལ་རེས་གསོ་སྦྱོང་དང་དེ་བཞིན་གཞི་རིམ་དུ་བསྐྱོད་དེ་ཚན་རྩལ་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འདི་ལོར་ནང་ཁུལ་དུ་སྤེལ་རེས་ཐེངས་7བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་ཐེངས་1གཉེར་བ། གཞི་རིམ་དུ་ནད་བརྟག་སྨན་བཅོས་ཐེངས་60ལྷག་ཙམ་བྱས་པ། མང་ཚོགས་མི་ཐེངས་5000ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། རིམ་རྩིས་བྱས་ན་ལག་རྩལ་པ་འདེམས་གཏོང་གིས་གསོ་སྦྱོང་ཐེངས་20བྱས་པར་གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་2500ལྷག་ཙམ་ཟིན་ནས་ཆེད་ལས་ལག་རྩལ་པའི་ཆེད་ལས་ཀྱི་ལེགས་ཆ་དང་སྐུལ་ཁྲིད་ཀྱི་ནུས་པ་ཡག་པོ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།