དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཐེམ་ཁུངས་སྤོ་བོའི་སློབ་མ་ཀོང་ཀྲོའུ་གྲོང་ཁྱེར་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་ཐོག་མར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-15

    ཉེ་ཆར། ཐེམ་ཁུངས་སྤོ་བོའི་སློབ་མ་ཀོང་ཀྲོའུ་གྲོང་ཁྱེར་ལག་རྩལ་སློབ་གླིང“སྤོ་བོའི་འཛིན་གྲྭར”སློབ་སྦྱོང་བྱེད་པར་ཐོན་པའི་མཛད་སྒོ་སྤོ་བོ་རྫོང་སྲིད་གཞུང་དུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཐེམ་ཁུངས་སྤོ་བོའི་སློབ་མ་6ཀོང་ཀྲོའུ་གྲོང་ཁྱེར་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དེ་ནི་སྤོ་བོ་རྫོང་དང་ཀོང་ཀྲོའུ་གྲོང་ཁྱེར་དབར་གྱི་སློབ་གསོ་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་རེད་ལ། ས་གནས་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཀྱི་དཔང་པོའང་ཡིན་ཞིང་། དེ་ལས་སྤོ་བོ་རྫོང་གིས་ལས་རིགས་སློབ་གསོའི་ཁྱབ་ཁོངས་སུ་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད། དེ་དང་དུས་མཚུངས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མུ་མཐུད་མཐའ་འཁྱོངས་དང་། རང་རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས། སློབ་གསོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་པ་སྔར་ལས་མང་བ་གསོ་སྐྱོང་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་སྒོ་དབྱེ་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་སློབ་མ་མི་རེ་ངོ་རེར་སློབ་སྐྱོར་རོགས་དངུལ་སྒོར་1500སྤྲད་པར་བསྡོམས་སྒོར་9000ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།