དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཀྲུང་གོས་གླིང་སྣེའི་ས་ཁུལ་དུ་རྟོག་ཞིབ་བྱས་ནས་ལོ་40འཁོར་བའི་གླིང་སྣེའི་ཤེས་བྱ་སློབ་གྲྭར་སྤེལ་བའི་བོད་ལྗོངས་ས་ཚིགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-09

    འདི་ལོ་ནི་ཀྲུང་གོས་གླིང་སྣེའི་ས་ཁུལ་དུ་རྟོག་ཞིབ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་ཞིང་། ཉེ་ཆར“གླིང་སྣེའི་ས་ཁུལ་ལ་ཤེས་རྟོགས་དང་། གླིང་སྣེའི་ས་ཁུལ་སྲུང་སྐྱོང་། གླིང་སྣེའི་ས་ཁུལ་བེད་སྤྱོད—རང་བྱུང་གི་གསང་བ་བརྟོལ་ནས་ཚན་རིག་གི་ཡང་རྩེར་འཛེག་པ”ཞེས་བརྗོད་དོན་གཙོ་བོར་བྱེད་པའི་ཀྲུང་གོས་གླིང་སྣེའི་ས་ཁུལ་དུ་རྟོག་ཞིབ་བྱས་ནས་ལོ་40འཁོར་བའི་གླིང་སྣེའི་ས་ཁུལ་གྱི་ཤེས་བྱ་སློབ་གྲྭར་སྤེལ་བའི་བོད་ལྗོངས་ས་ཚིགས་ཀྱི་བྱེད་སྒོ་དེ་བོད་ལྗོངས་སློབ་ཆེན་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དུ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཀྲུང་གོའི་གླིང་སྣེའི་ས་ཁུལ་ཞིབ་འཇུག་ལྟེ་གནས་ཀྱི་ལག་རྩལ་ཆེ་མོ་བ་གཞོན་པ་དང་ཞིབ་འཇུག་པ་དང་། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ཐེངས་36པའི་དབུ་བཞུགས་ཚན་རིག་མཁས་ཅན་ཧོ་ཅན་ཧྥུང་དང་། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ཐེངས་33པ་དང་། ཐེངས་35པ། ཐེངས་37པ་བཅས་ཀྱི་རུ་མི་དང་། ཀྲུང་གོ་ས་གཤིས་ཚན་རིག་ཁང་ས་གཤིས་ཤུགས་རིག་པ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཁྲེན་ལུང་ཡའོ། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ཐེངས་32པའི་རུ་མི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་འཕྲལ་བཅོས་ཁོའོ་ཡི་ཀྲུའུ་རེན་བློ་བཟང་ཚེ་རིང་བཅས་ཀྱིས་རང་ཉིད་ཀྱི་མྱོང་བ་དང་ཟུང་འབྲེལ་བྱས་ནས་གླིང་སྣེའི་ས་ཁུལ་གྱི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་མཉམ་སྤྱོད་བྱས་པ་དང་དུས་མཚུངས། མི་སེམས་འགུལ་བའི་གཏམ་རྒྱུད་མང་དག་བརྒྱུད་གླིང་སྣེའི་ས་ཁུལ་གྱི་ལས་དོན་པས་དཔའ་ངར་ཆེན་པོས་གྲང་ངར་ཆེན་པོར་འཐབ་རྩོད་བྱེད་པ་དང་། བློ་བརྟན་འགྱུར་མེད། འབད་འབུངས་སྐྱེས་འབུལ། གཟབ་ནན་བདེན་འཚོལ། མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་གསལ་བཤད་བྱས་པ་རེད།

    ལྷོ་སྣེའི་རྟོག་ཞིབ་ཐེངས་40པའི་ལྕགས་རི་རིང་པོའི་དགུན་སྒྲོལ་ས་ཚིགས་སུ་ཀྲན་ཀྲང་ཝང་ཅན་ཀྲུང་དང་ཀྲུང་ཧྲན་ས་ཚིགས་ཀྱི་དགུན་སྒྲོལ་ས་ཚིགས་སུ་ཀྲན་ཀྲང་ཧུའུ་ཙེ་ཅུན་གྱིས་རྟོག་ཞིབ་ས་ཚིགས་ཀྱི་འབྲེལ་ཡོད་གནས་ཚུལ་དང་གླིང་སྣེའི་ས་ཁུལ་གྱི་ཤེས་བྱ་ངོ་སྤྲོད་བྱས་པ་དང་འབྲེལ། ས་གནས་ས་ཐོག་གི་སློབ་མའི་འཐུས་མི་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་ལས་ཁུངས་ཀྱི་ལས་བྱེད་པ་དང་བརྙན་ལམ་ཐོག་ནས་སྤེལ་རེས་བྱས་པ་རེད།

    བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གི་ལས་བྱེད་ལས་བཟོ་ཚོས་ད་ཐེངས་ཀྱི་བྱེད་སྒོ་ལས་ཁོང་ཚོས་མེས་རྒྱལ་གྱི་ཚན་རྩལ་ཉིན་རེ་བཞིན་འཕེལ་རྒྱས་དང་ཡར་ཐོན་འགྲོ་བའི་ཚོར་སྣང་སྔར་བས་ཟབ་མོ་བྱུང་ལ། རྒྱལ་ཁབ་ཀྱི་གཟི་བརྗིད་བསམ་པ་དང་མི་རིགས་ཀྱི་སྤོབས་སེམས་སྔར་བས་ཆེ་རུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།