དཔལ་འབར་རྫོང་སྨན་རྩིས་ཁང་གིས་བོད་ལུགས་གསོ་རིག་གི་སྨན་ངོ་དང་སྨན་འཐུའི་བྱེད་སྒོ་སྐབས་དང་པོ་གཉེར་བ།
བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། བོད་སྨན་གྱི་སྨན་རྩྭའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྨན་རྩིས་ཁང་གིས་བོད་སྨན་གྱི་སྨན་ངོ་དང་སྨན་འཐུའི་བྱེད་སྒོ་སྐབས་དང་པོ་གཉེར་ཞིང་། རྫོང་སྨན་རྩིས་ཁང་དང་ཤང(གྲོང་རྡལ)11གི་ཡན་ལག་བོད་སྨན་ཁང་གི་འགན་འཁུར་བ་དང་གྲོང་ཚོ་རིམ་པའི་བོད་ལུགས་གསོ་རིག་ཆེད་ལས་མི་སྣ་35བྱེད་སྒོར་ཞུགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་དཔལ་འབར་རྫོང་སྨན་རྩིས་ཁང་གི་ཉམས་མྱོང་ཕུན་སུམ་ཚོགས་པོའི་རིགས་གཅིག་མཁས་ཅན་གྱིས་ཚང་མའི་སྣེ་ཁྲིད་དེ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་མ་ཟད། བོད་སྨན་གྱི་སྨན་རྩྭ་སྣ་ཚོགས་ཀྱི་ཁྱད་ཆོས་དང་། ཕན་ནུས། དབྱེ་འབྱེད་ངོས་འཛིན་བྱེད་ཐབས་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ཞིང་། ནན་ཏན་གྱིས་ཟིན་ཐོ་བཀོད་པ་དང་འབྲེལ་སྤེལ་རེས་ཧུར་ཐག་ཀྱང་བྱས་པ་རེད། འཚོལ་བསྡུ་བྱེད་རིང་རིགས་གཅིག་མཁས་ཅན་གྱིས་ཚང་མར་ཡང་དག་པའི་འཐུ་ཐབས་བསླབས་ནས་བོད་སྨན་གྱི་སྨན་རྩྭའི་སྐྱེ་འཚར་ཁོར་ཡུག་ལ་གཏོར་བཤིག་མི་ཕོག་པར་བྱས་པ་མ་ཟད། རྒྱུན་མཐུད་འཚོལ་བསྡུའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ནས་སྐྱེ་ཁམས་དོ་སྙོམས་དང་བོད་སྨན་གྱི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།