དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྟག་རྩེ་ཆུས་མི་སྤྱི་ཅུས་ཀྱིས།

    2024ལོའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ལ་སྐྱོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-25

    ཉེ་ཆར། སྟག་རྩེ་ཆུས་མི་སྤྱི་ཅུས་ཀྱིས་2024ལོའི་སྟག་རྩེ་ཆུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར(ཁྲུང་ཆིང)“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ལ་སྐྱོད་པའི་མཛད་སྒོ་སྒྲིག་འཛུགས་བྱས་ནས་འཚོགས་པ་རེད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་དང་། སྟག་རྩེ་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཐེམ་ཁུངས་སྟག་རྩེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་ཁྱིམ་བདག་གི་འཐུས་མི་བཅས་ཁྱོན་མི་34བྱེད་སྒོར་ཞུགས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཁྲུང་ཆིང་དུ་ལས་ཞུགས་ལ་འགྲོ་མཁན་གྱི་མཐོ་སློབ་སློབ་ཐོན་སློབ་མའི་འཐུས་མི་པད་མ་དབྱངས་ཅན་གྱིས“སྟག་རྩེ་ཆུས་ཀྱིས་ང་ཚོར་ད་ཐེངས་ཁྲུང་ཆིང་དུ་ལས་ཞུགས་ལ་སྐྱོད་པའི་རྩ་ཆེའི་གོ་སྐབས་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྲུང་ཆིང་དུ་ང་ཚོས་ཁོར་ཡུག་གསར་པར་གང་མགྱོགས་འཕྲོད་པར་བྱེད་པ་དང་ཤེས་བྱ་གསར་པ་སློབ་སྦྱོང་ཧུར་ཐག་བྱས་ཏེ་རང་ཉིད་ཀྱི་ཆེད་ལས་རྩལ་ནུས་དང་ཕྱོགས་བསྡུས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དང་། སྤྲོ་སེམས་ཆེན་པོ་དང་ཚད་མཐོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ལས་ཀར་ཞུགས་ཏེ་ཐེམ་ཁུངས་སྟག་རྩེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཉམས་འགྱུར་མངོན་པར་བྱེད་ཀྱི་ཡིན། ང་ཚོས་ད་ཐེངས་ཀྱི་གོ་སྐབས་གཅེས་འཛིན་དང་འབད་འཐབ་ཧུར་ཐག་བྱས་ཏེ་རང་ཉིད་ཀྱི་འབྱུང་འགྱུར་ལ་རྨང་གཞི་བརྟན་པོ་འདིང་བ་དང་ཆབས་ཅིག་ཕ་ཡུལ་གྱི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

    སྟག་རྩེ་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཁྲུང་ཆིང་དུ་ལས་ཞུགས་ལ་སྐྱོད་མཁན་སློབ་ཐོན་སློབ་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་མུ་མཐུད་དོ་ཁུར་བྱས་ནས། ཁོང་ཚོར་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་ཡིན་ལ། དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཡང་བྱེད་ཀྱི་ཡིན། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲུང་ཆིང་ཕྱོགས་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་ཀྱིས་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུཌ་ནས། ཐུན་མོང་ཐོག་སློབ་ཐོན་སློབ་མའི་དོ་དམ་དང་ཞབས་ཞུའི་ལས་ཀ་ཡག་པོ་བསྒྲུབ་ཀྱི་ཡིན། ད་ཐེངས་ཀྱི“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་ཞུགས་ལས་ཀའི་ཉམས་མྱོང་དང་བྱ་ཐབས་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་དེ་བས་ལེགས་པ་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།