དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • གངས་ལྗོངས་ས་མཐོའི་རྣམ་པ་གསར་པ།

    སློབ་འབྲིང་ཞིག་གི་ལོ་བཅུའི་འཕོ་འགྱུར།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།   ཧྲུའུ་ཅིང་དང་ཁྲེན་ཡན་ཙེ།   |     སྤེལ་དུས།  2024-09-24

    འདི་ལོ་ནི་སློབ་སྤྱི་ལེང་ཤིན་གྱིས་བོད་སྐྱོར་དུས་ཡུན་རིང་དུ་གཏོང་རྒྱུའི་རེ་ཞུ་ཕུལ་ཐེངས་གསུམ་པ་ཡིན་ལ་ཁོང་གིས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཕྱག་ལས་གནང་བའི་ལོ་7པ་དེ་ཡང་ཡིན། དེ་དང་ཆབས་ཅིག་སློབ་འབྲིང་དེ་བཙུགས་ནས་ལོ་10སོང་ཡོད།

    ལོ་10ཡི་གོང་སློབ་གྲྭ་དེར་སྐད་གྲགས་གང་ཡང་མེད། ད་ཆ་སློབ་གྲྭའི་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་2014ལོའི་40%ནས་འདི་ལོའི་97%བར་འཕར་བ་དང་། གཙོ་གནད་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་10%ཡང་མ་ཟིན་པ་ནས་81%བར་འཕར་བ། སློབ་གཉེར་ཆ་རྐྱེན་ཁག་གཅིག་པེ་ཅིང་གི་གྲགས་ཅན་སློབ་གྲྭའི་ཆུ་ཚད་དུ་སླེབས་ཡོད།

    སློབ་འབྲིང་དེར་འགྱུར་ལྡོག་དེ་ལྟ་བུ་ཞིག་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན།

    ཁ་ཐོར་དགུ་ཐོར་ནས་རང་ངོས་དོ་དམ་བར།

    2014ལོའི་ཟླ་8པར“དེ་སྔའི་མཐོ་འབྲིང་གཉིས་པ”དེ་པེ་ཅིང་གྲོང་ཁྱེར་གྱིས་སྐྲུན་རོགས་བྱས་པའི་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་མིང་བསྒྱུར། ལོ་དེར་པེ་ཅིང་གྲོང་ཁྱེར་གྱིས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་བྱེད་སྟངས་བཏོད་ཡོད།

    བོད་སྐྱོར་སློབ་གསོའི་ཤེས་ལྡན་པ་ཡིན་པའི་ལེང་ཤིན་2018ལོར་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཡོང་ནས་ཀུན་སྤྱོད་སློབ་གསོའི་སློབ་སྤྱི་གཞོན་པའི་འགན་ཁུར་ཡོད།

    སློབ་གྲྭར་སླེབས་མ་ཐག་ཁོང་ལ་བག་ཆགས་ཟབ་ཤོས་བྱུང་བ་ནི་སློབ་མ་རྣམས་སྙིང་རུས་ཆེ་ཞིང་སློབ་སྦྱོང་ལ་དགའ་ཞེན་ཆེ་བ་དེ་ཡིན། ཁོང་གིས“སློབ་གྲྭའི་ནང་ཕྲུ་གུ་མང་པོ་ཞིག་གི་ལག་ཏུ་དཔེ་དེབ་ཁྱེར་ནས་དཔེ་དེབ་དང་ཁ་བྲལ་འདོད་མི་བྱེད་པའི་རྣམ་པ་དེ་རིགས་མཐོང་དཀོན་པ་ཞིག་རེད”ཅེས་བཤད། འོན་ཀྱང་མཁྲེགས་ཆས་ནས་དོ་དམ་བར་ད་དུང་ལས་དོན་མི་ཉུང་བ་ཞིག་སྒྲུབ་དགོས་པ་ཡང་ཁོང་གིས་ཚོར་ཡོད།

    སྐབས་དེར་སློབ་གྲྭ་ཆེན་པོ་དེ་འདྲ་ཞིག་ཏུ་སློབ་མའི་ལྷན་ཚོགས་གཏན་ནས་མེད་དོན་ནི་དགེ་རྒན་མང་པོ་ཞིག་ལ་སློབ་མར་རང་ངོས་དོ་དམ་བྱེད་ནུས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་དགེ་རྒན་ཞིག་གིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་སློབ་མར་དོ་དམ་ནན་པོ་བྱེད་དགོས། གལ་ཏེ་ལྷོད་གཡེང་ཕྲན་བུ་ཤོར་ཚེ་ཁོང་ཚོ་ཁ་ཐོར་དགུ་ཐོར་དུ་འགྱུར་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ལེང་ཤིན་གྱིས་སློབ་མའི་སློབ་སྦྱོང་བྱེད་ནུས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཁོང་གི་རྒྱུན་འཁྱོངས་འོག་སློབ་གྲྭར་སློབ་མའི་ལྷན་ཚོགས་བཙུགས་ཤིང་། སློབ་མས་སློབ་གྲྭའི་བརྙན་འཕྲིན་ལེ་ཚན་རང་བརྟེན་ཇུས་འགོད་དང་སྒྲ་འཇུག་བྱེད་པ་དང་། ལོ་ལྟར་གྱི་སློབ་གྲྭའི་སྒྱུ་རྩལ་དུས་ཆེན་གྱི་ལེ་ཚན་སྒྲིག་འགོད་ནས་གར་སྟེགས་ཐོག་འཁྲབ་པའི་བར་གྱི་ལས་ཀ་མང་ཆེ་བ་ནི་སློབ་མས་བྱེད་ཀྱི་ཡོད།

    སྲོལ་རྒྱུན་རྣམ་པའི་སློབ་ཁྲིད་ནས་རིག་དར་སློབ་གསོའི་བར།

    ལོ་10ཡི་རིང་ཁྱོན་སློབ་གསོའི་ཤེས་ལྡན་པ་299ཁག་དབྱེ་སྟེ་པེ་ཅིང་ནས་གངས་ལྗོངས་ས་མཐོར་ཡོང་བ་དང་། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱིས་ཀྱང་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་དང་སློབ་གསོའི་འདུ་ཤེས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད།

    ལེང་ཤིན་གྱིས་སྲོལ་རྒྱུན་རྣམ་པའི་སློབ་ཁྲིད་འདུ་ཤེས་ཀྱིས་སློབ་གྲྭའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་སློབ་གསོའི་བོད་སྐྱོར་ལས་དོན་ཚོགས་པས“སློབ་གསོའི་འདུ་ཤེས་གསར་བརྗེས་དང་། ནང་གནས་རྣམ་པའི་འཕེལ་རྒྱས་མཐོར་གཏོང་། ལྗོངས་ཡོངས་ཀྱི་སློབ་གྲྭ་རྩེ་གྲ་འཛུགས་སྐྲུན”བཅས་ཀྱི་སློབ་གཉེར་དམིགས་ཚད་བཏོན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་སློབ་གྲྭས“རིག་དར་སློབ་གསོའི”རྣམ་པ་ཁྱབ་གདལ་ཤུགས་ཆེན་བཏང་ནས་སློབ་མའི་སློབ་སྦྱོང་བྱེད་ནུས་སྐྱེད་སྲིང་བྱེད་པར་རྩེ་གཅིག་ཏུ་འབད་ཡོད།

    དམའ་འབྲིང་ལོ་རིམ་གསུམ་པའི་དངོས་ཁམས་དགེ་རྒན་ཝང་ཏུང་མེ་ན་ནིང་ཟླ་8པར་སློབ་གྲྭར་ཡོང་བ་དང་། སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་འཕེལ་ཆེད་ཆེད་མངགས་“སྤྲོ་འཕེལ་དངོས་ཁམས”སློབ་ཚན་བཙུགས་ཏེ་སློབ་མ་ཚོའི་སྣེ་ཁྲིད་དེ“ཚན་རྩལ་སྒྲིག་བཟོ་ཆུང་ངོ”དང་དངོས་ཁམས་ཀྱི་ཚོད་ལྟ་སྣ་ཚོགས་བྱས་པ་རེད། ཁོང་གི་སྐུལ་ཁྲིད་འོག་འཛིན་གྲྭ་གསུམ་གྱི་སློབ་མའི་དངོས་ཁམས་སྦྱངས་འབྲས་ཚང་མ་ལོ་རིམ་དེའི་མདུན་གྲལ་དུ་སླེབས་ཡོད།

    སེམས་ནུས་ཡོད་རྒུ་བཏོན་པ་བརྒྱུད། སློབ་གྲྭའི་སློབ་ཁྲིད་སྦྱངས་འབྲས་སླར་ཡང་མཐོ་རུ་ཕྱིན་ནས་2023ལོར་མཐོ་རྒྱུགས་ལ་རྒྱུགས་འཕྲོད་ཚད་100%ཟིན་པའི་ནང་གཙོ་གནད་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་79%ཟིན་པ་དང་། འབྲིང་རྒྱུགས་ཀྱི་ཆ་སྙོམས་སྐར་གྲངས་2022ལོ་ལས་སྐར་མ་43མཐོ་རུ་ཕྱིན་ཡོད།

    ཤེས་བྱ་བསླབ་པ་ནས་རིག་གནས་མཉམ་འདྲེས་བྱེད་པའི་བར།

    ལོ་10ཡི་རིང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    གྲངས་གཞི་ལས་མངོན་པར། བོད་ཀྱི་མི་ཁྲི་10ཡི་ཁྲོད་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པ་2010ལོའི་མི་5507ནས་2020ལོའི་མི་11019བར་མང་དུ་སོང་བ་དང་། གསར་འཕར་ངལ་ནུས་ཀྱི་མི་རེའི་ཆ་སྙོམས་སློབ་གསོ་ཐེབས་པའི་ལོ་ཚད་ལོ་13.1བར་མཐོ་རུ་ཕྱིན་ཡོད།

    དེ་དང་ཆབས་ཅིག་རིག་གནས་མཉམ་འདྲེས་ཀྱི་གྲུབ་འབྲས་ཀྱང་ཧ་ཅང་མང་པོ་ཐོབ་ཡོད་ཅིང་། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་ནི་དེའི་ཁྲོད་ཀྱི་བསྡུས་རིས་ཤིག་རེད།

    སློབ་མ་མི་ཉུང་བ་ཞིག་གིས་ཅིང་བོད་དགེ་སློབ་ཀྱི་“སྤྲིན་རུམ་མཉམ་སྦྱོང”སོགས་བརྒྱུད་འཕྲིན་ཡིག་གཏོང་རེས་བྱེད་པ་དང་དེ་བཞིན་དུས་ངེས་མེད་ཀྱི་སློབ་སྐོར་དང་ཞིབ་སྦྱོང་བྱས་ཏེ་རྒྱུན་ཆད་མེད་པར་མཐོང་རྒྱ་ཆེ་རུ་དང་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་ཀྱི་ཡོད།

    ཟླ་6པར་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་གར་སྟེགས་ཐོག་མཐོ་རིམ་ལོ་རིམ་གཉིས་པའི་སློབ་མ་སྐལ་བཟང་བསྟན་པས་མི་རིགས་ཀྱི་ཞབས་བྲོ《ཡར་ཀླུང་གི་ཨར་གཞས》འཁྲབ་སྟོན་ནང་ཞུགས་ཤིང་། ཁོང་གི་མིག་ལམ་དུ་མི་རིགས་མཐུན་སྒྲིལ་ཆེ་མོའི་ལྷད་མེད་ཀྱི་བརྩེ་སེམས་དེ་སྐབས་དེ་དུས་དེ་བས་གསོན་ཉམས་དོད་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།