དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ལྷ་སའི་སྨན་བཅོས་འགན་བཅོལ“གདོང་བཤེར་དངུལ་སྤྲོད”ཀྱི་དུས་རབས་སུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-21

    སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དང་རྒན་འཕྲོད་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་2023ལོར་IOTསྨན་བཅོས་འགན་བཅོལ་གྱི་གདོང་བཤེར་དངུལ་སྤྲོད་ལག་རྩལ་ནང་འདྲེན་དང་ཁྱབ་གདལ་བཏང་ཞིང་། གསར་གཏོད་བྱེད་ཐབས་འདིས་མང་ཚོགས་ཀྱི་སྨན་བཅོས་བྱེད་སྐབས་བང་སྒྲིག་པའི་དུས་ཚོད་78%ཐུང་དུ་ཕྱིན་ནས་ནད་པའི་སྨན་བཅོས་མྱོང་ཚོར་ལེགས་སུ་བཏང་ཡོད། 2024ལོར། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ལག་རྩལ་དེ་སྔར་བས་ཁྱབ་གདལ་བཏང་ཞིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་སྨན་བཅོས་འགན་བཅོལ་གྱི་གདོང་བཤེར་དངུལ་སྤྲོད་སྒྲིག་ཆས་ཁག་74བསྒར་ནས་སྤྱོད་འགོ་ཚུགས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཚོགས་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་སྲོལ་རྒྱུན་གྱི་སྨན་བཅོས་འགན་བཅོལ་གྱི་དངུལ་སྤྲོད་སྟངས་ཐད་འགྲན་སློང་མང་པོ་འཕྲད་ཡོད་པ་དང་། ལྷག་པར་དུ་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་དངུལ་གཏོང་སྤྲོད་བྱེད་སྐབས་འགོག་རྐྱེན་སྣ་ཚོགས་འཕྲད་ཀྱི་ཡོད་པ་རེད། གནས་ཚུལ་དེར་དམིགས་ནས། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་རང་འགུལ་ངང་ལས་དོན་སྤེལ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་དང་སྨན་རྫས་ལས་ཁུངས་ཁག་74ལ་རིན་མེད་ངང་IOTསྨན་བཅོས་འགན་བཅོལ་གྱི་དངུལ་སྤྲོད་སྒྲིག་ཆས་བསྒར་ཡོད་པ་རེད།

    གསར་གཏོད་རང་བཞིན་གྱི་བྱེད་ཐབས་འདི་ལས་སྨན་བཅོས་དང་སྨན་རྫས་ལས་ཁུངས་ཀྱི་གཉེར་སྐྱོང་མ་གནས་ཐད་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། སྨན་བཅོས་འགན་བཅོལ་གྱི་རང་སའི་རྩིས་ཞུའི་ཞབས་ཞུའི་སྤུས་ཚད་ཐད་ལའང་མཆོང་སྐྱོད་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།