ནག་ཆུ་གྲོང་ཁྱེར་གྱིས་སྤྱོད་ཚུལ་ལེགས་སུ་གཏོང་མཚམས་མི་འཇོག་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་མཚམས་མི་འཇོག་པ།
འདི་ནི་ཨ་མདོ་རྫོང་སློབ་འབྲིང་གི་གནས་གཅེས་ལས་བརྩོན་གྱི་དགེ་རྒན་ཞིག་གིས་སློབ་ཚན་ཁྲིད་བཞིན་པ།
ནག་ཆུའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་འབྲོག་པ་མང་ཚོཌ་ཚོའི་འཕེལ་རྒྱས་ཀྱི་སྤྲོ་སེམས་སྔར་བས་ཆེ་རུ་ཕྱིན་ནས“འགྲན་སློབ་སྙེག་བརྒལ”གྱི་རྣམ་པ་ཟབ་མོ་བཏོད་ཡོད་ཅིང་། འདི་ནི་མཚོ་གཉིས་རྫོང་གི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་ཚོས་སྲོལ་རྒྱུན་ཞབས་བྲོའི་འགྲན་བསྡུར་བྱེད་བཞིན་པ།
འདི་ལོ་ནས་བཟུང་། ནག་ཆུ་གྲོང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལྗོངས་ཏང་ཨུད་ཀྱི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་པ་དང་སྦྲགས། ནག་ཆུའི་འབད་འཐབ་དམིགས་ཚད་དང་འཐབ་ཇུས་ལས་འགན་དང་དཔེ་བསྡུར་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱི་སྤྱོད་ཚུལ་འཛུགས་སྐྱོང་དེ་འཕེལ་རྒྱས་ཀྱི་ལྟེ་བར་སྔར་བས་ཕྱོགས་པ་དང་ལས་བྱེད་པའི་བྱང་ཚད་མཐོར་གཏོང་ལ་ཕྱོགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་སྔར་བས་སྤོབས་ཉམས་ཆེ་བའི་བློ་སྟོབས་དང་། སྔར་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ། སྔར་བས་ནུས་ལྡན་གྱི་བྱ་སྤྱོད་བཅས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ནག་ཆུར་དོན་འཁྱོལ་ཐུབ་སྟེ་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་སློབ་གསོ་བཏང་ཡོད།
གཅིག ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་བ།
ནག་ཆུ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་བྱེད་པ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་བྱ་སྤྱོད་དངོས་ལ་བརྩིས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལ་བརྟེན་ནས་ལམ་བུ་གསར་པ་བཏོད་དེ་ཆབ་སྲིད་བརྟན་པོ་དང་། ལས་དོན་དོན་འཁྱོལ། ཕན་འབྲས་ཆེར་གཏོང་བཅས་ལ་སྐུལ་འདེད་བཏང་ཡོད་པ་རེད།
འདི་ལོ་ནས་བཟུང་གྲོང་ཨུད་ཚན་ཁག་གིས་སྣེ་ཁྲིད་པ་དང་། རིམ་པ་ཁག་གིས“གྲོས་དོན་དང་པོའི”ལམ་ལུགས་དོན་འཁྱོལ་ནན་ཏན་བྱ་རྒྱུར་ལྟ་སྐུལ་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་འཆར་གཞི་བཟོ་བ། “གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་ལམ་ལུགས་ལག་ལེན་བསྟར་བ། བསམ་བློར་སྔར་བས་དྲག་ཆས་སྤྲོས་པ། ངོས་འཛིན་གནད་ལ་འཁེལ་བ་དང་བསམ་བློར་འགྱུར་ལྡོག་གཏོང་བ། བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱས་པས། བརྟག་ཞིབ་ཀྱི་རྩ་གནད་ཁག་12གྲུབ་པ་དང་། གནད་དོན་ཁག་50ལྷག་ཙམ་ཤེས་རྟོགས་བྱུང་བ། གཞི་རིམ་མང་ཚོགས་ཀྱི་དཀའ་གནད་ཁག་30བསལ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་དང་ཆུས་ཁག་དང་གྲོང་ཁྱེར་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་ཁག་གིས་ཁྱོན་ཆེད་དོན་དཔེ་ཀློག་འཛིན་གྲྭ་149བཙུགས་པ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཐེངས་399བྱས་ཡོད་པ་རེད།
གཉིས། ལྟེ་བ་དང་སྤྱི་ཡོངས་ལ་དམིགས་ཏེ་ཕན་འབྲས་དངོས་སྔར་བས་ མངོན་གསལ་དོད་དུ་བཏང་བ།
ནག་ཆུ་གྲོང་ཁྱེར་གྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཁ་གསལ་བཏོན་གནང་བའི“ཤུགས་སྣོན་རྒྱག་དགོས་པ་ཁག་དགུའི”ལས་དོན་བཀོད་སྒྲིག་དེ་ནག་ཆུ་གྲོང་ཁྱེར་གྱི་དོན་དངོས་ལ་གཞི་ཚུགས་ནས་ངར་སེམས་ཆེར་སྐྱེད་དང་རང་ཉིད་ལ་གནོན་ཤུགས་སྤྲད་དེ་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་དུ་བཏང་ཞིང་། ནག་ཆུ་གྲོང་ཁྱེར་གྱི་ལས་གནས་ཀྱི་སྦྱོང་བརྡར་ཆེན་པོའི་བྱེད་སྒོ་བཀོད་སྒྲིག་བྱས་ནས《གྲོང་ཁྱེར་ཡོངས་སུ“ལས་གནས་ཀྱི་སྦྱོང་བརྡར་ཆེན་པོ”སྤེལ་བའི་ལག་བསྟར་ཇུས་གཞི》བཟོས་ཏེ“ཆབ་སྲིད་ཀྱི་བྱང་ཚད་དང་། འགན་འཁྲི་སྒྲུབ་ནུས། སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་བཅས་འགྲན་པར”དམིགས་ནས། “ནུས་པས་རྗེས་མི་ཟིན་པ་དང་། སྒྲུབ་འདོད་ཀྱང་སྒྲུབ་མི་ཐུབ་པ”དང་། “འགན་འཁུར་རྒྱུར་སྐྲག་པ། ཉེན་ཁ་འཁུར་རྒྱུར་སྐྲག་པ” “དོ་དམ་བྱེད་མི་ཕོད་པ་དང་དོ་དམ་ནན་པོ་མི་བྱེད་པ” “ལས་ཀ་བྱེད་སྐབས་བློ་རྩ་བརྟན་པོ་མེད་པ”སོགས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ཡོད། གད་སྙིགས་གཙང་སེལ་དང་། བཙོག་ཆུ་གཙང་གསིང་། སྡོད་ཁང་ལེགས་བཅོས། འགྲོ་ལམ་སྒྱུར་བཀོད་སོགས་ཀྱི་དཀའ་གནད་དང་གནད་དོན་གཙོ་གནད་དུ་བཟུང་ནས་འགག་སྒྲོལ་ཡོང་ཐབས་བྱེད་པ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་བྱེད་པའི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།
གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་དུ་བཏང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་འགན་ཨང་དང་པོར་བརྩིས་ནས་མ་འཇོག་དོན་འཁྱོལ་ལོར་དམ་འཛིན་ནན་པོ་བྱས་ཏེ་གསར་འཕར་མ་དངུལ་སྒོར་དུང་ཕྱུར་141དོན་འཁྱོལ་བྱས་པ་དང་། རྣམ་གྲངས་784ལས་འགོ་བསྐྱར་ཚུགས་བྱས་པ། གཏན་འཇགས་མ་དངུལ་སྒོར་དུང་ཕྱུར་95.1ལེགས་སྒྲུབ་བྱས་ཡོད། དུས་ཚིགས་དང་པོར་སྔོན་དཔག་དམིགས་ཚད་གཙོ་བོ་ཁག་བརྒྱད་ཚང་མར་དུས་མཚུངས་ལས་འཕར་བའི་རྣམ་པ་མངོན་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཡས་མས་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་13%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་10%ཡས་མས་འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་10%ཡན་འཕར་བ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གོམ་སྟབས་གཅིག་མཚུངས་རྒྱུན་འཁྱོངས་ཐུབ་པ། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་ཡོད་པ་རེད།
གསུམ། དམངས་འཚོའི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་བཏང་བ།
ནག་ཆུ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱར་གཞིགས་ནས། དམངས་འཚོ་ལེགས་གཏོང་དང་མི་སེམས་གོང་བུ་གཅིག་ཏུ་སྒྲིལ་བ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པའི་བྱ་བ་ནས་འགོ་བརྩམས་པ་དང་མང་ཚོགས་ཀྱི་བློ་ཡིད་མི་ཚིམ་པའི་ཆ་ནས་དམ་འཛིན་བྱས་ཏེ་མང་ཚོགས་དངོས་སུ་བློ་ཡིད་ཚིམ་པར་བྱས་ཡོད་པ་རེད།
ནག་ཆུ་གྲོང་ཁྱེར་གྱི“དམངས་འཚོའི་བྱ་བ་དངོས་བཅུ”དོན་འཁྱོལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་རིང་། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང་2958དང་མི་7071ལ་མ་མཐའི་འཚོ་བ་འགན་ལེན་དེ་ད་ཡོད་ཀྱི་རྨང་གཞིའི་ཐོག་ཟླ་རེར་སླར་ཡང་སྒོར་30སྤོར་རྒྱུའི་བྱ་བ་དངོས་སྤྱིར་ན་ལེགས་གྲུབ་བྱུང་བ་དང་ཁྱོན་སྒོར་ཁྲི་254.55སྤྲད་ཡོད། དགོན་སྡེའི་གྲྭ་བཙུན་3379ལ་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་འགན་བཅོལ་ཉོས་ཡོད། འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བས། རྫོང་དང་གྲོང་གསེབ་ཀྱི་ཟོག་འགྲེམས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་འགྲུལ་སྐྱེལ་རྒྱུན་ཚིགས་རླངས་འཁོར་གྱིས་རིམ་རྩིས་བྱས་ན་སྦྲག་ཐོག་བསྐུར་མ་ཁྲི་1.51ལྷག་ཙམ་ཚབ་འདྲེན་བྱས་ཡོད་པ་རེད།
བཞི། ནུས་པ་ཆེར་གཏོང་དང་སྤུས་ཚད་མཐོར་གཏོང་མཐའ་འཁྱོངས་བྱས་ནས་དཔུང་ཁག་ལ་སྔར་བས་ཞུན་བརྡར་སྤྲས་པ།
ནག་ཆུ་གྲོང་ཁྱེར་གྱིས་བྱ་བ་གང་ཞིག་ཡིན་རུང་མི་ལ་རག་ལུས་པ་དང་དོན་དངོས་སྒྲུབ་པའི་སྙིང་སྟོབས་ལ་བརྟེན་ནས་ལག་བསྟར་བྱེད་ནུས་སྔར་ལས་ཆེ་བའི་ལས་བྱེད་པའི་དཔུང་ཁག་ལ་ཞུན་བརྡར་སྤྲོས་པར་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད།
ལས་བྱེད་པའི་སློབ་སྦྱོང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་སྒྲུབ་ནུས་པ་ཆེ་རུ་བཏང་ཞིང་། གྲོང་ཨུད་ཀྱིས“ལས་བྱེད་པའི་སྦྱོང་བརྡར་ཆེན་པོའི”ཇུས་གཞིར་ཆེད་དོན་ཞིབ་འཇུག་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ཏེ་རྩ་འཛུགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བྱང་ཚད་སློབ་གསོ་ལེགས་སུ་གཏོང་བ། འཕར་ཆག་གཉིས་རུང་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཡོད། ཀྲི་པུའུ་ཧྲུའུ་ཅིའི(ཁོའོ་ཀྲང)འཆད་སྟེགས་བཙུགས་པ་དང་རྨང་གཞིའི་གཞུང་ལས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་ནས་རིམ་རྩིས་བྱས་ན་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་མི་ཐེངས་514ལ་རེས་མོས་གསོ་སྦྱོང་བྱས་ཡོད། དུས་ཐེངས་14ཡི་འགོ་ཁྲིད་ལས་བྱེད་པ་14ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། རྒྱལ་ཁབ་པུའུ་ཨུད། ལས་བྱེད་པའི་སློབ་གླིང་བཅས་ཀྱི་འབྲེལ་ཡོད་གསོ་སྦྱོང་ལ་ཞུགས་པར་འདེམས་གཏོང་བྱས་པ། ཆུ་བེད་ལས་བགོས་དོ་དམ་གྱི་འགན་འཁུར་བློ་མཐུན་12ཆུ་བེད་པུའུ་མི་དོན་སིས་གཉེར་བའི་དྲ་རྒྱའི་ཆེད་དོན་གསོ་སྦྱོང་ལ་བཏང་བ། དུས་ཐེངས་བརྒྱད་ཀྱི་འགོ་ཁྲིད་ལས་བྱེད་པ་49ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དཔྱིད་དུས་སློབ་དུས་ཁག་དང་པོའི་འཛིན་གྲྭ་དང་འབྲེལ་ཡོད་གསོ་སྦྱོང་ལ་མངགས་པ། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་བརྙན་ལམ་སྦྲེལ་མཐུད་བྱེད་སྟངས་བརྒྱུད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བརྙན་ལམ་གསོ་སྦྱོང་འཛིན་གྲྭ་སྒྲིག་འཛུགས་བྱས་ནས་སྤེལ་བ། ཧྲེན་ཀྲེན་དང་ཀྲེ་ཅང་དུ་ཁོའོ་རིམ་པའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་1སོ་སོར་གཉེར་བ་དང་ལས་བྱེད་པ་101གསོ་སྦྱོང་ལ་བཏང་བ་རེད།
གོམ་སྟབས་རྗེས་མར། ནག་ཆུ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀ་རྒྱུན་རྣམ་ཅན་གྱི་སྒོ་ནས་མུ་མཐུད་སྲ་བརྟན་དུ་བཏང་སྟེ། ནུས་པ་དང་སྤྱོད་ཚུལ་ལ་དམ་འཛིན་བྱས་ནས་ལས་ཀར་སྐུལ་འདེད་གཏོང་བ་དང་། ལས་དོན་ལ་དམ་འཛིན་བྱས་ནས་ནུས་པ་དང་སྤྱོད་ཚུལ་ལེགས་སུ་གཏོང་བའི་འཁོར་རྒྱུག་བཟང་པོ་དངོས་འབྲེལ་ཆགས་པར་བྱས་ནས། ནག་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱ་རྒྱུ་རེད།