ཆུང་དུས་ནས་ས་བཀྲ་ལྟ་ཤེས་པར་བྱེད་པ།
འདི་ལོའི་ཟླ་8ཚེས་29ཉིན་ནི“རྒྱལ་ཡོངས་ཀྱི་ཐིག་ལེན་རིས་འབྲི་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོ”ཨང་21པ་རེད། གཞོན་ནུ་ལོ་ཆུང་ཚོའི་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཚད་ལྡན་གྱི་ས་བཀྲ་སྤྱོད་རྒྱུ་དར་སྤེལ་གཏོང་ཆེད། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དང་། རང་སྐྱོང་ལྗོངས་ཐིག་ལེན་རིས་འབྲི་སློབ་ཚོགས། རང་སྐྱོང་ལྗོངས་ཐིག་ལེན་རིས་འབྲི་ཁང་བཅས་ཀྱི་ལས་དོན་མི་སྣས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་དུ་2024ལོའི“ཐིག་ལེན་རིས་འབྲི་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོ”དང་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
འདི་ནི་སློབ་མ་ཚོ“ཆུང་དུས་ནས་ས་བཀྲ་ལྟ་ཤེས་པར་བྱེད”ཅེས་པའི་རི་མོ་སྒྲིག་པའི་འགྲན་བསྡུར་ལ་ཞུགས་བཞིན་པ།