དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་ས་གནས་དེ་གའི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁག་2500ལྷག་ཙམ་བསྐངས་པ།

    སྨན་ཁང་184ཡིས་རིགས་གཅིག་མཁས་ཅན་2000ཙམ་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རོགས་སྐྱོར་བྱེད་པར་མངགས་པ་དང་། རིམ་རྩིས་བརྒྱབ་ན་རྣམ་གྲངས་གསར་པ་དང་ལག་རྩལ་གསར་པ་ཁག་4400ལྷག་ཙམ་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-28

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ལོ་10ཙམ་གྱི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་རྣམ་གྲངས་གསར་པ་དང་ལག་རྩལ་གསར་པ་ཁག་4400ལྷག་ཙམ་སྤེལ་བ་དང་། “སྤོས་འཛུགས”ཀྱི་སྔོན་ཐོན་ཉམས་མྱོང་ཁག་1800ལྷག་ཙམ་སྦྱངས་ནས་ས་གནས་དེ་གའི་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁག་2500ལྷག་ཙམ་བསྐངས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀུའོ་ལུའོ་ཡིས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་སྨན་ཁང་184ཡིས་རིགས་གཅིག་མཁས་ཅན་2000ཙམ་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རོགས་སྐྱོར་བྱེད་པར་མངགས་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་ལ་ལྗོངས་ཡོངས་ལ་ཁྱབ་པའི“1+7”གྱི་སྨན་བཅོས་མ་ལག་ཆགས་ཡོད། སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་རོགས་སྐྱོར་མ་བྱས་གོང་ལས་ལྡབ་གཅིག་འཕར་བ་དང་། ལོ་རེར་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་བྱེད་ཚད་ཆ་སྙོམས་14000ལྷག་ཙམ་ཟིན་པ། ནད་གཞི་ལྕི་བའི་ནད་པ་མྱུར་སྐྱོབ་ལེགས་གྲུབ་བྱུང་ཚད་90%ཙམ་ཟིན་པ། ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་རེ་སྨོན་ཚེ་ཚད་ལོ་72.19ཟིན་ནས་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་ལས་དོན་2015ལོའི་ཟླ་8པར་སྤེལ་འགོ་ཚུགས་པ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོགས་པ་སྒྲིག་འཛུགས་ཀྱིས་སྨན་བཅོས་རྐང་འཛིན་པ་བདམས་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། 2021ལོར་ཚོགས་སྒྲིག་རོགས་སྐྱོར་བྱ་ཡུལ་ཁྱབ་ཁོངས་གཙོ་གནད་རྫོང་མི་དམངས་སྨན་ཁང་13བར་རྒྱ་ཆེར་བཏང་བ་རེད། མིག་སྔར་རོགས་སྐྱོར་ཐོབ་པའི་རིམ་པ་གཉིས་པའི་ཁ་པ་རིམ་པ་དང་དེ་ཡན་གྱི་སྨན་ཁང་ཁྱོན་21ཡོད་པ་དེ་དག་མངའ་རིས་དང་ནག་ཆུ་སོགས་ཐག་རིང་ལུང་ཁུག་ས་ཁུལ་དུ་ཁྱབ་ཡོད་པ་རེད།

    ཀུའོ་ལུའོ་ཡིས་གོམ་སྟབས་རྗེས་མར་ཞིང་ཆེན་དང་གྲོང་ཁྱེར་མཉམ་ལས་དང་སྡེ་ཚན་མཉམ་འགུལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བོད་སྐྱོར་གྱི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པ་བྱས་ཏེ་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། འཕྲོད་བསྟེན་བོད་སྐྱོར་གྱི་གྲུབ་འབྲས་དང་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱེད་པ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།