དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • བོད་ལྗོངས་ཀྱི་སྨན་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-22

    ཟླ་8ཚེས་19ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“མི་ཆོས་རིག་གནས་ཀྱི་སྙིང་སྟོབས་གོང་དུ་བཀུར། སྨན་པའི་བྱམས་སེམས་གང་ལེགས་མངོན”ཞེས་པའི་ལྗོངས་ཡོངས་ཀྱི་སྨན་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རྒྱ་ཆེའི་སྨན་པས་གཙོས་པའི་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་པས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་། བོད་སྐྱོད་པ་རྒན་རབས་ཀྱི་སྙིང་སྟོབས་དང་། བླ་ན་མེད་པའི་ལས་རིགས་ཀྱི་སྙིང་སྟོབས། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་མི་རིགས་ཁག་གི་མང་ཚོགས་ལ་བདེ་ཐང་དང་བདེ་སྐྱིད་དེ་བས་མང་བ་གཏོད་པ་བཅས་བྱེད་པར་སྐུལ་མ་གཏོང་ཆེད་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ནས་རིམ་ལྔའི་ཞབས་ཞུའི་དྲ་རྒྱ་རྒྱུན་མཐུད་འཐུས་ཚང་དུ་ཕྱིན་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1821དང་། ལག་རྩལ་མི་སྣ་ཁྲི་2.94 ནད་ཁྲི་ཁྲི་2.16བཅས་བར་མང་དུ་ཕྱིན་པ་མ་ཟད། རྒྱང་ཁྲིད་ནད་བརྟག་སྨན་བཅོས་ཤང་དང་གྲོང་རྡལ་རིམ་པ་ཡན་གྱི་སྨན་བཅོས་སྒྲིག་གཞི་ཚང་མར་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།