དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • བོད་ལྗོངས་འཕྱོངས་རྒྱས་ཀྱི་ས་བབ་མཐོ་བའི་སློབ་ཆུང་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-16

    བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཆ་ཚང་སློབ་ཆུང་གི་ས་བབ་མཐོ་ཚད་སྨི་3900ཙམ་ཟིན་པ་དང་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱས་ནས་སྐྲུན་པ་ཞིག་ཡིན་ཞིང་། བོད་སྐྱོར་མ་དངུལ་གྱིས་མ་འཇོག་གི་གསུམ་ཆ་གཅིག་བཟུང་བ་དང་2020ལོའི་ཟླ་8པར་དངོས་སུ་སྤྱོད་འགོ་ཚུགས་པ་རེད། སློབ་གྲྭའི་སྒྲིག་བཀོད་དང་སྒྲིག་ཆས་རྩེ་གྲ་ཡོད་པ་དང་དགེ་རྒན་གྱི་སྟོབས་ཤུགས་ཧྲག་པོ་ཡོད་པས་འབྲོག་པ་མང་པོ་ཞིག་གིས་ཕྲུ་གུ་དེ་གར་སྐྱེལ་གྱི་ཡོད། རྒྱལ་ཁབ་ཀྱིས་བོད་དུ་ལག་ལེན་བསྟར་བའི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་ཟ་སྡོད་དང་སློབ་ཡོན་བཅས“འགན་ལེན་གསུམ”གྱི་སྲིད་ཇུས་ལས་ཕན་པ་ཐོབ་ནས་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བར་འགན་སྲུང་ཡག་པོ་བྱུང་ཡོད། འདི་ནི་ཟླ་8ཚེས་12ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་མ་ཚོ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།