དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བྲག་ཡིབ་ཆུས་ཀྱི་2024ལོའི་གཞི་རིམ་གྱི་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-16

    ཞིང་འབྲོག་པའི་གཞི་རིམ་སྒྲོག་འགྲེལ་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྒྲོག་འགྲེལ་པའི་ལས་སྒོའི་ཆུ་ཚད་མཐོ་རུ་དང་སྒྲོག་འགྲེལ་གྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར། བྲག་ཡིབ་ཆུས་ཀྱིས་གཉེར་བའི་2024ལོའི་གཞི་རིམ་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭ་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བ་རེད།

    གསོ་སྦྱོང་འཛིན་གྲྭས“རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། ས་གནས་ས་ཐོག་ཏུ་མཉམ་འགུལ་སྤེལ་རེས། སྒྲོག་འགྲེལ་པས་ཚོད་ལྟའི་གཏམ་བཤད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་པ་དང་། ཉིང་ཁྲི་གྲོང་ཨུད་ཏང་གི་སློབ་གྲྭ་དང་བྲག་ཡིབ་ཆུས་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་པ་གདན་དྲངས་ནས་ཆེད་དོན་སློབ་ཚན་ཁྲིད་ཅིང་། ལྗོངས་ཡོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པ་46བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོའི“བཅིངས་འགྲོལ་ལ་བསྟོད་པ”ཞེས་པའི་འགྲེམས་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ཀླུ་སྟེང་གྲོང་ཚོའི་དེ་སྔའི་ཧྲུའུ་ཅི་དབང་ཕྱུག་གི“རྒྱལ་དར་གཅིག”གི་གཏམ་རྒྱུད་ཁྲོད་ཀྱི་བསམ་པའི་སྟོབས་ཤུགས་ཉམས་སུ་མྱངས་ཡོད། གཞི་རིམ་སྒྲོག་འགྲེལ་པའི་འཐུས་མིས་ད་དུང་ད་རེས་ཀྱི་གསོ་སྦྱོང་ལས་ཐོབ་པའི་བློ་སྐྱེད་དང་འབྲེལ་ནས་ཕན་ཚུན་མཉམ་འགུལ་སྤེལ་རེས་བྱས་པ་རེད།

    སྣ་མང་ཕུན་སུམ་ཚོགས་པའི་སློབ་ཁྲིད་བྱེད་སྟངས་དང་སློབ་ཚན་གྱི་ནང་དོན་ལས་གཞི་རིམ་སྒྲོག་འགྲེལ་པའི་བསམ་བློའི་ངོས་འཛིན་ཟབ་ཏུ་ཕྱིན་པ་མ་ཟད། སྒྲོག་འགྲེལ་གྱི་སྤྲོ་སེམས་ཀྱང་འཕེལ་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་ཤེས་བྱ་མང་པོ་ཤེས་བྱུང་བས། ད་ཐེངས་ཀྱི་གསོ་སྦྱོང་ནང་ཤེས་པའི་ནང་དོན་དག་སླད་ཕྱིན་གྱི་སྒྲོག་འགྲེལ་ལས་དོན་ཁྲོད་ཧུར་ཐག་སྤྱོད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།