དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • བོད་ལྗོངས་རྣམ་གླིང་རྫོང་གིས་སྤུས་ལེགས་ཞབས་ཞུར་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-16

     ཟླ་8ཚེས་9ཉིན་བོད་རང་སྐྱོང་ལྗོངས་རྣམ་གླིང་རྫོང་གིས་2024ལོའི“ཤངས་པ་ཕྱོགས་ནས་ལང་ཚོའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་པ་རེད།

    ས་གནས་ས་ཐོག་ཏུ་ཁེ་ལས་ཁག་གི་ལས་བསྡུ་དང་བློ་འདྲིའི་ལས་སྟེགས་མདུན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། སློབ་ཐོན་སློབ་མས་ལག་ཏུ་མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་ཁྱེར་ནས་རང་ཉིད་འོས་སྦྱོར་བྱས་ཏེ། འདོད་མོས་ཡོད་པའི་ཚན་པ་དང་སྤེལ་རེས་བྱས་པ་དང་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཆ་འཕྲིན་སོགས་དོ་ཁུར་བྱེད་པའི་ནང་དོན་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས་རང་ཉིད་ཀྱི་ཆ་རྐྱེན་དང་ཁྱད་ཆོས་དང་འཚམ་པའི་ལས་གནས་འཚོལ་གྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་བསྡུའི་འདུ་ཚོགས་འཚོག་ཡུལ་དུ་སྲིད་ཇུས་བློ་འདྲི་ཁུལ་དང་། ལས་རིགས་མཛུབ་ཁྲིད་ཁུལ། ཡོངས་བསྒྲགས་ལས་བསྡུའི་ཁུལ། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ཁུལ་སོགས་ནུས་པའི་ཁུལ་བཙུགས་ཏེ་སྤུས་ལེགས་ཞབས་ཞུར་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱས་པ་རེད། ད་ཐེངས་ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ཐོག་གཞུང་ཁོངས་ཁེ་ལས་8དང་། ཀྲུང་དབྱང་ཁེ་ལས་5 དམངས་གཉེར་ཁེ་ལས་47བཅས་ཞུགས་པ་དང་། ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོག་ཡུལ་དུ་ལས་གྲྭ་འཛུགས་སྐྲུན་དང་། གཉེར་སྐྱོང་ཕྱིར་ཚོང་། དྲུང་ཡིག་དང་རྩིས་པ་སོགས་ལས་གནས་860ལྷག་ཙམ་མཁོ་འདོན་བྱས་པར། མི་160ལྷག་ཙམ་ལས་ཀ་འཚོལ་བར་སླེབས་པ་དང་ལོ་རྒྱུས་མདོར་བསྡུས་212བསྐྱལ་བའི་ཁྲོད་མི་82ཀྱིས་མི་སྤྱོད་ཚན་པ་དང་ལས་ཞུགས་ཀྱི་འདོད་མོས་རགས་ཙམ་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།