ལྷོ་ཁ་གྲོང་ཁྱེར་གྱིས་བཟའ་བཅའ་དང་སྨན་རྫས་ཀྱི་གཞི་རིམ་གྱི་ལྟ་འདོམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཆ་འཕྲིན་བ་དང་དོ་དམ་ལས་རོགས་པའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《དོ་དམ་བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་ནས། གཞི་རིམ་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་དོ་དམ་ལས་དོན་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་རྫས་བེད་སྤྱོད་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《དོ་དམ་བྱ་ཐབས》ནང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཆ་འཕྲིན་བ་དང་དོ་དམ་ལས་རོགས་པ་བསྡུ་བའི་ཆ་རྐྱེན་དང་། འགན་འཁྲི་དང་ཁེ་དབང་། ལས་ཀའི་སྒྲིག་ཁྲིམས་སོགས་ཁ་གསལ་བསྟན་ཡོད། ཆ་འཕྲིན་བ་དང་དོ་དམ་ལས་རོགས་པ་གཉིས་པོ་གཞི་རིམ་གྱི་ལྟ་འདོམས་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བརྩིས་ཏེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་གཞོགས་འདེགས་བྱས་ནས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་དང་། དྲིལ་བསྒྲགས་སློབ་གསོ་གཏོང་བ། ཆ་འཕྲིན་གོང་ཞུ་སོགས་ཀྱི་ལས་དོན་བསྒྲུབས་ཏེ་ལྟ་འདོམས་ལས་དོན་ཕྱོགས་ཚང་མར་ཁྱབ་པ་བྱ་རྒྱུ་ཡིན་པ་རེད།
དེ་དང་ཆབས་ཅིག ཆ་འཕྲིན་བ་དང་དོ་དམ་ལས་རོགས་པས་རང་འཁྲིའི་ལས་ཀ་བྱང་ཆུབ་པོས་སྒྲུབ་ཐུབ་པར་འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་རྫོང་དང་ཆུས་ཁག་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་གཞུང་ལས་ཁང་ལ་དུས་བཀག་ལྟར་འབྲེལ་ཡོད་ཀྱི་གསོ་སྦྱོང་བྱས་ནས། གཞི་རིམ་གྱི་ལས་དོན་པའི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་འདུ་ཤེས་ཁྱོན་ཡོངས་ནས་ཟབ་ཏུ་གཏོང་བ་དང་། གཞི་རིམ་ལྟ་འདོམས་ཀྱི་དཔུང་ཁག་ཧྲིལ་པོའི་བྱང་ཚད་དང་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།