དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་རྫོང་ཨུད་ཏང་གི་སློབ་གྲྭས་གྲོང་ཚོའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གསོ་སྦྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-05

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་རྫོང་ཨུད་ཏང་གི་སློབ་གྲྭས་གྲོང་ཚོའི་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱས་ཤིང་། གསར་འགོད་པས་ནག་ཆུ་གྲོང་ཁྱེར་སོག་རྫོང་རྫོང་ཨུད་ཏང་གི་སློབ་གྲྭ་ནས་ཤེས་རྟོགས་བྱས་པར། ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ནས་སློབ་གྲྭའི་ནང་དཔེ་ཀློག་གི་སྒྲ་གྲགས་ཏེ་གྲོང་ཚོ་ཁག་གི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཐོག་ནས་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་གིས་ཤེས་བྱར་སྐོམ་པ་ཆུ་འདོད་ལྟར་བརྩོན་པ་དང་འབྱུང་འགྱུར་ལ་རེ་བ་འཆང་བའི་རྣམ་པ་གང་ལེགས་མངོན་ཡོད།

    སོག་རྫོང་རོང་པོ་གྲོང་རྡལ་ཝ་རྡོ་སྒལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་ཚེ་བརྟན་གྱིས། “ད་རེས་ཀྱི་གསོ་སྦྱོང་བརྒྱུད་ངས་ཤེས་བྱ་མང་པོ་ཤེས་བྱུང་བས། ལས་ཀའི་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དེ་བས་བྱང་ཆུབ་པའི་ངང་སྤྱོད་ཐུབ་སོང་། ད་ཆ་རྒྱ་ཡིག་སྟབས་བདེ་འབྲི་ཐུབ་པ་མ་ཟད། སྤྱི་སྐད་བརྒྱབ་ནས་ཉེ་འགྲམ་གྱི་མི་དང་གླེང་མོལ་ཡང་བྱེད་ཐུབ་ཀྱི་འདུག”ཅེས་ཏང་གི་སློབ་གྲྭའི་གསོ་སྦྱོང་ནང་ཞུགས་པའི་གོ་སྐབས་ལ་གཅེས་སྤྲས་བྱེད་བཞིན་དུ་བརྗོད།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་ཤེས་པའི་བཀྲ་ཤིས་ཚེ་བརྟན་ནི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཧུར་ཐག་སྦྱོང་བཞིན་པའི་སོག་རྫོང་གི་གཞི་རིམ་ལས་བྱེད་པ་མང་པོའི་གྲས་ཤིག་རེད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་སྦྱོང་རྒྱུ་དང་ཡག་པོ་སྤྱོད་རྒྱུ་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ད་ཆ་སོག་རྫོང་གི་གྲོང་ཚོའི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འབྲི་ཀློག་དང་བེད་སྤྱོད་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དེས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་མཐུན་སྒྲིལ་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་མ་ཐེབས་ནས། ཞིང་འབྲོག་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རྩ་བ་བརྟན་དུ་ཕྱིན་ཏེ། གྲོང་གསེབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བར་གསོན་ཤུགས་གསར་པ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།