དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-05

    གྲོང་ཚོའི་ལས་བྱེད་པ་དང་། གྲོང་ཚོའི་རྗེས་གྲབས་ལས་བྱེད་པ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བཅས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་ཧུར་སེམས་དང་རང་འགུལ་རང་བཞིན་ཁྱོན་ཡོངས་ནས་སྐུལ་སློང་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བེད་སྤྱོད་གཏོང་བའི”གཏམ་བཤད་འགྲན་བསྡུར་གཉེར་བ་རེད།

    འགྲན་བསྡུར་བྱ་ཡུལ་དུ། རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་མང་པོའི་འགྲན་ཞུགས་པ་ཚོས་སྤྲོ་སེམས་ཆེན་པོ་དང་སྙིང་སྟོབས་རབ་ཏུ་འཕེལ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། ལས་ཀ་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསོན་ཉམས་དོད་པའི་སྐད་ཆ་དང་སྤྲོ་སྣང་ཆེན་པོས་རླབས་ཆེན་མེས་རྒྱལ་དང་འཚོ་བ་གསར་པར་བསྟོད་གླུ་ཕུལ་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་མི་སེམས་འགུལ་བའི་རྣམ་པ་བརྗོད་དེ། ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བྱེད་པའི་བརྩེ་བ་ཟབ་མོ་དང་། དེ་བཞིན་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་བརྟན་པོའང་མཚོན་པར་བྱས་པ་རེད།

    ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་བརྒྱུད། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་གོ་བ་ལེན་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བ། “མོས་སེམས་ལྔ”སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།