དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • སྐྱིད་གྲོང་རྫོང་གིས“ཚན་རྩལ་གཤམ་སྤེལ”གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-28

    འདི་ནི་ལས་དོན་པས་སློབ་མར་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་སྤེལ་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས། གཞིས་རྩེ་གྲོང་ཁྱེར་ཚན་རྩལ་ཅུས་སོགས་ཀྱིས་མཉམ་དུ་སྤེལ་བའི“ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རང་སྐྱོང་ལྗོངས་ཀྱི་2024ལོའི“ཚན་རྩལ་གཤམ་སྤེལ”གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་སྤེལ་བ་རེད།

    བྱེད་སྒོར། ཚན་རིག་ཁྱབ་གདལ་གྱི་རིག་རྩལ་འཁྲབ་སྟོན་དང་། ཚན་རིག་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན། འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་ལ་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚན་རྩལ་གྱི་གྲུབ་འབྲས་གསར་པ་དང་ཐོན་རྫས་གསར་པ་རབ་དང་རིམ་པ་འགྲེམས་སྟོན་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

    “སློབ་གྲྭར་ཚན་རིག་ཁྱབ་གདལ་གཏོང”ཞེས་པའི་བྱེད་སྒོ་སྤེལ་རིང་། བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་ལས་དོན་པས་སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་མ་ཚོར་ཚན་རིག་གི་རྩ་བའི་རིགས་པ་འགྲེལ་བཤད་བརྒྱབ་ནས་ཚན་རིག་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ད་དུང་གཞི་རིམ་གྱི་སྔོན་ཐོན་ཚན་རྩལ་ལས་དོན་པའི་འཐུས་མིར་གཟེངས་བསྟོད་བྱས་ནས་ཁོང་ཚོར་ཚན་རྩལ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་ལྕག་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།