དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • གྲ་ནང་རྫོང་གིས་2024ལོའི་རྒྱལ་ཡོངས་ཀྱི་ཤེས་བྱའི་བདག་དབང་གི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-28

    ཉེ་ཆར། གྲ་ནང་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྫོང་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཁོངས་མིའི་ཚན་པ་ཁག་དང་མཉམ་དུ“ཤེས་བྱའི་བདག་དབང་གཞན་སྒྱུར་བཀོལ་སྤྱོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་ཤེས་བྱའི་བདག་དབང་གི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ལས་དོན་པས་ཤེས་བྱའི་བདག་དབང་གི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ནས་དྲིལ་བསྒྲགས་བརྙན་ཐུང་སྟོན་པ་དང་། ལག་ཐོགས་ཁ་པར་ནས་འབྲེལ་ཡོད་འཕྲིན་ཐུང་བསྐུར་བ། ས་གནས་ས་ཐོག་གི་བློ་འདྲིར་ལན་རྒྱག་པ། དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་དང་བཀོལ་སྤྱོད་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་རྟགས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་བེད་བདག་ཐོབ་བཅའ་ཁྲིམས》 《ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་བྱ་ཐབས》སོགས་ཤེས་བྱའི་བདག་དབང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་གཞི་རྩའི་ཤེས་བྱའི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་དེ་བས་ཆེ་རུ་བཏང་བ་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་རྒྱུན་ཤེས་ཤེས་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།