དབུ་ཤོག>ཚན་སློབ་འཕྲོད་བསྟེན།>འཕྲོད་བསྟེན་གསར་འགྱུར།
  • ནག་ཆུས་གསུས་ཤེལ་སྤྱད་དེ་མཁལ་སྐྲན་ལ་གཤག་བཅོས་ཐོག་མ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-19

    ཉེ་ཆར། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གསུས་ཤེལ་སྤྱད་དེ་མཁལ་སྐྲན་ལ་གཤག་བཅོས་ཐོག་མ་བདེ་བླག་ངང་བྱས་པ་དེ་ཐོག་ནས་ནག་ཆུར་རྙོག་འཛིང་ཆེ་བའི་རྨ་ཆུང་གཤག་བཅོས་ཁྱབ་ཁོངས་སུ་ཚད་བརྒལ་གལ་ཆེན་བྱུང་བ་མཚོན་གྱི་ཡོད་ལ། ས་གནས་དེ་གའི་མཁལ་མའི་འབྲས་སྐྲན་ཕོག་མཁན་ལ་སྨན་བཅོས་ཀྱི་རེ་བ་གསར་པའང་སྦྱིན་ཡོད།

    གཤག་བཅོས་བྱས་རྗེས་ནད་པའི་གཟུགས་པོའི་གནས་ཚུལ་བརྟན་པ་མ་ཟད། ICUནད་ཁང་དུའང་འགྲོ་དགོས་བྱུང་མེད་པར་ནད་ཁང་དཀྱུས་མའི་ནང་བསྡད་ནས་ལྟ་ཞིབ་དམ་ཟབ་བྱས་ཡོད། གཤག་བཅོས་རྗེས་ཀྱི་ཉིན་དང་པོར་ནད་པའི་གཟུགས་པོའི་གནས་ཚུལ་བརྟན་པོ་ཡིན་ལ། ན་ཟུག་དང་བདེ་པོ་མེད་པའི་སྣང་བ་མངོན་གསལ་དོད་པོ་མེད་པ་རེད། ཉིན་གསུམ་རིང་ལྟ་སྐྱོང་བྱས་པ་བརྒྱུད་མུ་མཐུད་དྲག་སྐྱེད་སྨན་བཅོས་བྱས་པ་དང་། མིག་སྔར་ནད་པ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་རྩིས་བྱེད་བཞིན་ཡོད།

    ནད་པའི་ནང་མིས“ང་ཚོ་དང་ཐོག་ལྷ་ས་དང་ཁྲེང་ཏུའུ་རུ་སྨན་བཅོས་བྱེད་པར་འགྲོ་རྩིས་ཡོད། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གཤག་བཅོས་བདེ་བླག་ངང་བྱས་པ་ལས་ས་གནས་རང་གི་སྨན་བཅོས་ཆུ་ཚད་མཐོ་རུ་ཕྱིན་པ་མཐོང་བྱུང”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།