སློབ་གྲྭར་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་པ།
འདི་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཨང་23པ་རེད། གཞིས་རྩེ་གྲོང་ཁྱེར་གྱིས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་ཡུལ་བབ་དང་བསྟུན་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བསམ་གྲུབ་རྩེ་ཆུས་སློབ་ཆུང་གསུམ་པར་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་འབྲེལ“བདེ་འཇགས་ཐོན་སྐྱེད་ཟླ་བའི”རིག་གནས་དྲིལ་བསྒྲགས་དངོས་པོ་སྤྲད་ཅིང་། འདི་ནི་སློབ་མས་མེ་ཟོན་ཤེས་བྱའི་བརྙན་ཐུང་ལ་ལྟ་བཞིན་པ།