དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གྲྭའི་པར་རིས།
  • སྤྲོ་སྣང་ལྡན་པའི་བྱེད་སྒོ་སྤེལ་ནས་སྤྱོད་གཙང་དར་སྤེལ་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    འདི་ནི་བྱ་དགའ་སྤྲོད་བཞིན་པ།

    འདི་ནི་བྱེད་སྒོར་ཞུགས་མཁན་གྲོགས་པོ་ཆུང་ཆུང་གིས་སོ་སོས་བྲིས་པའི་རི་མོ་སྟོན་བཞིན་པ།

    ཉེ་ཆར། ཁྲེང་ཀོན་ཆུས་ཆུ་རག་གླིང་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྔ་ཆེན་ཤང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་མཉམ་དུ“སྲོལ་བཟང་ཁྱིམ་ཚང་ཀུན་ལ་དར། སྤྱོད་གཙང་བྱིས་པའི་སེམས་སུ་འཇགས”ཞེས་པའི་བྱིས་པའི་རི་མོའི་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་ཁོངས་གཏོགས་ཁུལ་གྱི་ཚན་པ་ཡོད་ལ། གྲོགས་པོ་ཆུང་ཆུང་60དང་ཁྱིམ་བདག་གི་འཐུས་མི་150ལྷག་ཙམ་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོར་གྲོགས་པོ་ཆུང་ཆུང་ཚོར་འཇོན་ཐང་ངོམས་ས་དང་གསར་གཏོད་ཀྱི་སྟེགས་བུ་མཁོ་འདོན་བྱས་པ་དང་སྒྱུ་རྩལ་གྱི་བྱེད་ཐབས་སྤྱད་ནས“སྲོལ་བཟང་ཁྱིམ་ཚང་ཀུན་ལ་དར། སྤྱོད་གཙང་བྱིས་པའི་སེམས་སུ་འཇགས་པའི”འདུ་ཤེས་ཁྱིམ་ཚང་ཚང་མར་བརྒྱུད་སྤྲོད་བྱས་པ་མ་ཟད། གྲོགས་པོ་ཆུང་ཆུང་གི་སེམས་སུ་སྤྱོད་གཙང་འཇགས་པར་བྱས་ནས་ཁོང་ཚོས་ཆུང་དུས་ནས་གཞུང་དྲང་དང་། ཁ་དན་ཚིག་གནས། རང་གཅུན་བཅས་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།