དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཁྲེང་ཀོན་ཆུས་ཀྱིས་ཕ་མ་བུ་ཕྲུག་མཉམ་དུ་གློག་བརྙན་ལྟ་བ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་བརྗོད་དོན་གཙོ་བོའི་རུ་ཁག་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    ཉེ་ཆར་ཁྲེང་ཀོན་ཆུས་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་ཁྲེང་ཀོན་ཆུས་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་རྟེན་གཞི་བོད་ལྗོངས་Su-per-SDལུས་རྩལ་དང་མཉམ་དུ“སྐེ་དར་དམར་པོ་མེས་རྒྱལ་ལ་དགའ། ནམ་ཡང་ཏང་གི་རྗེས་སུ་འབྲང་། མཉམ་དུ་འབྱུང་འགྱུར་ཕྱོགས་སུ་སྐྱོད”ཅེས་པའི་ཕ་མ་བུ་ཕྲུག་མཉམ་དུ་གློག་བརྙན་ལྟ་བ་དང་བརྗོད་དོན་གཙོ་བོའི་རུ་ཁག་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    ཁྲེང་ཀོན་ཆུས་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ད་ཐེངས་ཀྱི་བྱེད་སྒོར་ལོ་ཆུང་བྱིས་པས་དགའ་པོ་བྱེད་པའི་རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ནས་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ་ལོ་ཆུང་བྱིས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ཡོད། འབྱུང་འགྱུར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་ཚོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལག་ལེན་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་ལོ་ཆུང་གདོང་ལེན་རུ་ཁག་ལ་དེ་བས་ཡངས་པའི་ལག་ལེན་གྱི་ལས་སྟེགས་བསྐྲུན་ཏེ་ལོ་ཆུང་གདོང་ལེན་རུ་ཁག་སྤྱི་ཚོགས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྩ་འཛུགས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་འཕེལ་བར་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།