དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • ཆུ་ཤུར་རྫོང་དམའ་འབྲིང་གིས་བོད་ཡིག་གི་ཡིག་གཟུགས་འགྲེམས་སྟོན་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    ཉེ་དུས་ཆུ་ཤུར་རྫོང་དམའ་འབྲིང་གིས་བོད་ཡིག་གི་ཡིག་གཟུགས་འགྲེམས་སྟོན་གཉེར་བ་རེད།

    སློབ་མ་ཚོས་ས་ཆ་དངོས་སུ་སྨྱུག་རྩལ་ངོམ་ནས་ཞོན་ཤོག་སྟེང་ནན་ཏན་ངང་བོད་ཡིག་བྲི་བའི་རྣམ་འགྱུར་དང་སེམས་ནུས་བཏོན་པའི་བརྩམས་ཆོས་རེ་རེ་ལས་སློབ་མ་ཚོས་བོད་ཡིག་ཡིག་གཟུགས་ལ་དགའ་པོ་བྱེད་ལུགས་དང་། སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་བྱེད་ལུགས། སློབ་མ་ཚོས་ཡིག་གཟུགས་སྒྱུ་རྩལ་ལ་འབད་བརྩོན་ལྷོད་མེད་བྱེད་ལུགས་བཅས་གང་ལེགས་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་མ་ཚོས་གཏན་འཁེལ་དུས་ཚོད་ནང་རང་ཉིད་ཀྱི་བརྩམས་ཆོས་ལེགས་སྒྲུབ་བྱས་པ་དང་། དཔྱད་འདེམས་ཨུ་ལྷན་གྱིས་ཡིག་གཟུགས་ཀྱི་གྲུབ་ཆ་དང་། འབྲི་རྩལ། སྤྱི་ཡོངས་ཀྱི་བཀོད་པ་བཅས་ལ་ཕྱོགས་བསྡུས་དཔྱད་འདེམས་བྱས་ནས་བྱ་དགའ་ཐོབ་པའི་སློབ་མར་གཟི་བརྗིད་ལག་ཁྱེར་དང་བྱ་དགའི་དངོས་རྫས་སྤྲད་པ་རེད།

    ཆུ་ཤུར་རྫོང་དམའ་འབྲིང་གི་འགན་འཁུར་བས་ད་ཐེངས་ཀྱི་བོད་ཡིག་གི་ཡིག་གཟུགས་འགྲེམས་སྟོན་ལས་སློབ་མའི་ཡིག་གཟུགས་འབྲི་རྩལ་ངོམ་སྟོན་བྱས་པ་མ་ཟད། ད་དུང་སློབ་མའི་མི་རིགས་རིག་གནས་ལ་བཅངས་པའི་མོས་སེམས་དང་སྤོབས་སེམས་ཀྱང་ཆེ་རུ་ཕྱིན་ཡོད། དེ་ནི་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་རེད་ལ། རིག་གནས་ཀྱི་རྒྱུན་འཛིན་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།