དབུ་ཤོག>ཚན་སློབ་འཕྲོད་བསྟེན།>ཚན་རྩལ་གསར་འགྱུར།
  • རྒྱལ་ཁབ་མང་པོའི་ཚན་རིག་མཁས་ཅན་གྱིས་བོད་ལྗོངས་གནམ་མཚོར་མཉམ་འབྲེལ་ཚན་རིག་རྟོག་ཞིབ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-06-11

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་མཚོ་དང་ཁོར་ཡུག་གི་འགྱུར་ལྡོག་ཞིབ་འཇུག་ཚོགས་པ་དང་། འཇར་མན། སུའེ་ཙེར། དབྱིན་ཇི། ཨ་རི་སོགས་རྒྱལ་ཁབ་མང་པོའི་ཚན་རིག་མཁས་ཅན་དང་གསོར་འབིགས་རྩད་ཞིབ་ལག་རྩལ་པ་ལས་གྲུབ་པའི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གིས་བོད་ལྗོངས་གནམ་མཚོར་ཚན་རིག་རྟོག་ཞིབ་ཀྱི་བྱེད་སྒོ་སྤེལ་བ་རེད། ཚན་ཞིབ་མི་སྣས་གནམ་མཚོར་མཚོའི་བྲག་སྙིང་ལ་གསོར་འབིགས་རྩད་ཞིབ་བྱས་ཏེ། མཚོ་བོད་ས་མཐོའི་འདས་ཟིན་པའི་ལོ་ཁྲི་བརྒྱ་ཕྲག་རིང་གི་གནམ་གཤིས་དང་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    གནམ་མཚོའི་ཚན་རིག་རྟོག་ཞིབ་ཀྱི་འགན་འཁུར་བའི་གྲས་ཤིག་ཡིན་པའི་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝང་ཅུན་པོ་ཡིས་ད་རེས་གནམ་མཚོར་སྤེལ་བའི་ཚན་རིག་རྟོག་ཞིབ་ནི་རྒྱལ་སྤྱིའི་སྐམ་ས་ཆེན་པོའི་ཚན་རིག་གི་གསོར་འབིགས་རྩད་ཞིབ་འཆར་གཞིའི(ICDP)ཁྲོད་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གིས་གནམ་མཚོའི་གནས་གསུམ་ནས་རིང་ཚད་ལ་ཁྱོན་སྨི་1000ཙམ་ཡོད་པའི་མཚོའི་བྲག་སྙིང་ལེན་རྒྱུ་དང་ཆབས་ཅིག་དེའི་ཁྲོད་ཀྱི་གནས་གཅིག་ནས་མཐིལ་མཐོང་ཐུབ་པའི་མཚོ་སྙིང་ལེན་ཐུབ་རེ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ད་རེས་གནམ་མཚོའི་བྲག་སྙིང་གི་གསོར་འབིགས་རྩད་ཞིབ་ནི་ད་བར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ICDPགསོར་འབིགས་རྩད་ཞིབ་རྣམ་གྲངས་ཤིག་ཡིན་པ་དང་། གསོར་འབིགས་རྩད་ཞིབ་ལ་སྤྱོད་པའི་ལས་སྟེགས་དང་། གསོར་འབིགས་འཕྲུལ་ཆས། དེ་བཞིན་གསོར་འབིགས་རྩད་ཞིབ་ཀྱི་ལག་རྩལ་མི་སྣ་གཙོ་བོ་བཅས་ཚང་མ་རང་རྒྱལ་ནས་ཡིན་པ་དང་། གནམ་མཚོ་ནས་བླངས་པའི་བྲག་སྙིང་དེ་ནམ་ཡང་རང་རྒྱལ་དུ་ཉར་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    ཝང་ཅུན་པོ་ཡིས། ཚན་རིག་མཁས་ཅན་གྱིས་མཚོའི་དིམ་བསགས་དངོས་པོ་འཚོལ་བསྡུ་བྱས་པ་བརྒྱུད་འབྲེལ་ཡོད་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་དིམ་བསགས་དངོས་པོ་ཆགས་སྐབས་ཀྱི་གནམ་གཤིས་དང་ཁོར་ཡུག་གི་གནས་ཚུལ་ལ་ཕྱིར་ལྡོག་རིགས་འདེད་བྱེད་ཐུབ་པ་དེ་ནི་གནའ་བོའི་གནམ་གཤིས་དང་གནའ་བོའི་ཁོར་ཡུག་གི་བསྐྱར་མངོན་ཞིབ་འཇུག་ཅིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།