དབུ་ཤོག>ཚན་སློབ་འཕྲོད་བསྟེན།>སློབ་གསོའི་གསར་འགྱུར།
  • རང་ལྗོངས་ཀྱི་2024ལོའི་མཐོ་རྒྱུགས་བདེ་བླག་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-11

    ཟླ་6ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ལ་དྲིལ་བརྡ་གསལ་པོ་ཞིག་གྲགས་པ་དང་བསྟུན་ནས་བོད་ཡིག་གི་ཡིག་རྒྱུགས་མཇུག་འགྲིལ་བ་ལས་རང་ལྗོངས་ཀྱི་2024ལོའི་མཐོ་རྒྱུགས་ཀྱི་རིག་གནས་སློབ་ཚན་གྱི་ཡིག་རྒྱུགས་ཚང་མ་བདེ་བླག་ངང་མཇུག་འགྲིལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་བཅོས་པའི་ལས་དོན་ཟླ་6ཚེས་9ཉིན་ནས་འགོ་ཚུགས་པ་དང་སྔོན་དཔག་བྱས་ན། ཟླ་6ཚེས་26ཉིན་གྱི་ཡས་མས་སུ་རྒྱུགས་སྤྲོད་སློབ་མའི་སྦྱངས་འབྲས་དང་། རིམ་པ། ཁག་ཐེངས་ཁག་གི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་དམའ་ཤོས་བཅས་ཡོངས་བསྒྲགས་བྱ་རྒྱུ་དང་། དེ་རྗེས་རྒྱུགས་སྤྲོད་སློབ་མས་འདོད་མོས་རེའུ་མིག་འགོད་པ་དང་སློབ་མ་བསྡུ་བའི་ལས་དོན་སྤེལ་རྒྱུ་དང་། མཐོ་རྒྱུགས་ཀྱི་སློབ་མ་བསྡུ་བའི་ལས་དོན་སྔོན་དཔག་བྱས་ན་ཟླ་8པའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།